| | e-texts navigator
|
23a1 བདེ་ཆེན་ལྷུན་གྲུབ་ཆོས་ཀྱི་དབྱིངས།། རྣམ་རྟོག་ཕྱི་ནང་ཇི་རྙེད་པ།། རང་བྱུང་གསལ་ཁའི་དོན་ལ་འདུས།། རྣམ་དྲུག་རྫོགས་པ་དེ་ཉིད་ཀྱང་།། དྲམ་བཞན་ལོག་པའི་རྨོངས་པས་བཅིངས།། སྣང
23a2 མེད་རང་བྱུང་བདེ་ཆེན་ལ།། སྣ་ཚོགས་དངོས་པོ་ར་རང་སེམས་འཁྲུལ།། བདེ་འཇམ་དབྱིངས་ལས་མ་གམས་ཀྱང་།། འཁྲུལ་རྟོག་སྡུག་བསྔལ་སྣ་ཚོགས་མྱོང་།། རྣམ་དག་མི་གཡོ་ལུགས་རྗེས་ཤོང་།། ཅེས་ཞུས་སོ།།
23a3 དེ་ནས་རིག་པའི་རྒྱལ་པོས་བཀའ་སྩལ་པ།། ཡེ་ཤེས་རང་བྱུང་ཆོས་ཀྱི་སྐུ།། ཀུམ་བཟང་ཡེ་ཤེས་ཆོས་ཀྱིས་སྐུ།། བསྟན་པ་མ་ལུས་ཇི་སྙེད་པ།། བྱང་མེད་རང་བྱུང་སེམས་སུ་བཤད།། དེ་ཉིད་གང
23a4 ལ་དེ་དག་སྟེ།། གཔ་ལ་བཤད་པ་ཤུགས་ཀྱིགོ།། སྣང་དང་སྲིད་པའི་ཆོས་རྣམས་ཀུན།། རང་བྱུང་སེམས་ལས་མ་གཡོས་པས།། རང་རིག་རྫོགས་པ་ཤུགས་ཀྱི་གསལ། གང་ལ་གངགས་ལ
23a5 ངོ་བོ་བསྟན།། ཤུགས་ཀྱི་རྒྱུད་ནས་དེ་མཛོང་།། རང་བྱུང་ཉི་མཱའི་འོད་ཀྱི་མཆོག། མ་བཅོས་གསལ་བའི་འཁོར་ལོ་ལ། འཛིན་པའི་དྲི་མ་ཀུན་གྱི་དབྱེད།། མི་ཤེས་འོད་ལྟར་རིག་པ་འཆར།།
23a6 བདེ་ཆེན་རིག་པའི་འཁོར་ལོར་བཤད།། བརྡའ་དོན་སྒོ་ཡིས་རྒྱུད་དོན་རྟོགས།། རིག་པའི་གདེབ་ལྡན་ཞེས་ཀློད།། གསལ་བའི་ཡེ་ཤེས་དགོངས་པ་ལ།། ཞུགས་རྗེས་རིམ་ཆེན་འོད་ལྟར་འཕྲོ།། ཚིག་གི་དོན
iiif viewer powered by OpenSeadragon
22b - 23b