e-texts navigator
Collection
Volume
Page
Wylie

22b1 ཐོགས་མེད་རང་བྱུང་ཕྱོགས་དང་བྲལ།། བྱང་ཆུབ་རང་སེམས་ཁོ་ན་པས།། ལམ་གྱི་མ་བཅོས་ཡེ་སངས་རྒྱས།། གང་ཡང་རྣམ་པ་ཅིར་རྟོགས་ཀྱང་། རང་རིག་བདེ་ཆེན་མངོན་གསུམ་གསལ།། འདོད་པའི་སྐབས་བྲལ་གང་མཐོང་ཚོར།།
22b2 རང་བཞག་ཡེ་ཤེས་རྫོགས་པ་མཐོང་།། བརྩལ་མེད་རང་བྱུང་རྡོ་རྗེའི་བདག། སྐྱེ་མེད་རྡོ་རྗེ་མི་འགྱུར་འཆང་།། ལྷུན་གྲུབ་རིན་ཆེན་འབར་བའི་འོད།། དྲི་མེད་པདྨ་རང་བྱུང་བདག། བརྩལ་མེད་ལམ་གྱིས་འཛིན་དང
22b3 བྲལ།། འཛིན་མེད་འཁོར་ལོ་འབར་བའི་སྐུ།། དུས་གསུམ་ཉིད་དུ་འདའ་བ་མེད།། ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས།། ཏིང་ངེ་འཛིན་ཡེ་ཤེས་སུ་སྙན་པའི་ལེའུ་སྟེ། བཞི་པའོ།།
22b4 དེ་ནས་རིག་པའི་རྒྱལ་པོས།། ཡང་སེམས་ཉིད་ཕུན་གསུམ་ཚོགས་པའི་དོན་གསལ་བར་བྱ་བའི་ཆེད་དུ་འདི་སྐད་ཅེས་གསུངས་སོ།།
22b5 རང་བྱུང་རྣམ་དག་ཡེ་ཤེས་སྐུ།། བརྗོད་མེད་རིག་པའི་བསྟན་པ་བཀྲམ།། རང་སྣང་རིག་པ་སྨིན་པའི་འཁོར།། ཡེ་ཤེས་རྫོགས་པའི་རོལ་པ་བཤད།། རང་བྱུང་འོད་གསལ་གཅིག་ལས་ཚོགས།། རྩོལ་བྱས་དམན་པའི
22b6 འདུལ་འཁོམ་ལ། བློ་དང་མཐུན་པར་བསྐམ་པ་བསྒྲགས།། ཞེས་གསུངས་སོ།། དེན་པ་སེམས་དཔའ་རྡོ་རྗེབ་འདིམེད་ཅེས་ལུས་སོ།། ཡེ་ཤེས་སྦྱིན་པ་ར་བསྒོམ་པའི་ཐུགས།། དབྱེར་མེད་འང་བྱུང་ངོ་བ་ཉིད།




iiif viewer powered by OpenSeadragon

22a - 23a

Texts on this page

Gbr004.11 - byang chub kyi sems rin chen 'khor lo zhes bya ba'i rgyud