e-texts navigator
Collection
Volume
Page
Wylie

22a1 བདེ་ཆེན་ཆུ་ཀླགས་ལྟར།། ཡེ་ཤེས་ཇི་བཞིན་མི་བསྐྱོད་པ།། ཡེ་ནས་ཡིན་ཕྱིར་བྱ་མི་དགོས།། ཡེ་ཤེས་གསལ་བའི་ཕྱག་རྒྱ་ཡིས།། མཚན་མ་ཡེ་ཤེས་འཁོར་ལོ་བསྐོར།། འཛིན་པའི་རང་བཞིན
22a2 ཀུན་དང་བྲལ།། རང་བྱུ་སྙིང་པོ་གཡོ་མེད་ན།། དབང་བསྒྱུར་རྒྱལ་བའི་ཐུགས་དང་མཉམ།། ཏིང་འཛིན་རང་བཞག་མཁའ་དང་མཉམ།། མི་འགྱུར་ཡེ་ཤེས་མཁའ་ལྟར་ཁྱད།། རྩོལ་ཁྲལ་རིག་པའི་ཡེ་ཤེས་ལ།།
22a3 ཡེད་པ་མེད་པར་རང་བཞིན་བཞག། དང་པོའི་ངོ་ལ་སྣང་བ་ལ།། མི་རྟོག་རང་བཞིན་རིག་པར་གསལ།། ཡེ་ཤེས་ཀུན་བཟང་འཕྲོ་འདུ་མེད།། གང་ལ་མི་འཛིན་རང་བྱུང་སེམས།། མཚན་མའི་སྤྱོད་པས་འགྱུར་བ་ནི།།
22a4 བརྡ་སྒོ་འཇུག་པའི་གདམ་དག་སྦྱིན།། ཏིང་འཛིན་འཁོར་ལོ་སྒྲོ་སྐུར་གཅོད།། ཡེ་ཤེས་འཁོར་ལོ་མཐའ་དབུས་མེད།། རང་རིག་འཁོར་ལོ་གཟུང་འཛིན་བྲལ།། ཤེས་རིག་ཡེ་ཤེས་ཉིད་དུ་འཆར།། འཛིན་པའི་རིམ་འཇུག་ཐེག་ཁྱད་ཀྱིས
22a5 ངོས་གཟུང་རྟོག་དང་དམིགས་འབྱིད་པ།། འདོད་འཛིན་མ་ལུས་དེ་དག་སྟོང།། རང་རིག་སྟོང་ཉིད་རྣམ་བཅས་པས།། བདེ་ཆེན་ལྷུམ་གྲུབ་རང་རིག་གསལ།། ཡེ་ཤེས་རིག་པའི་འཁོར་ལོ་ལ།། གང་ཡང་ཡིན་ནོ་རྣམ་ཀུན་བཅས།།
22a6 ཡེ་ཤེས་རང་གསལ་མ་སྒྲིབས་གསལ།། རྣམ་དག་ཡེ་ཤེས་རང་སྣང་ལ།། ཞེན་པའི་རྟོག་པས་བཟློག་ཏུ་མེན།། ལྷུན་གྲུབ་འབྲས་བུ་རྩལ་མི་དགོས།། ཀུན་བཟང་འབར་བའི་ཡེ་ཤེས་ལ།། གཟུང་འཛིན་གཉེན་པོ་རྟེན་མི་དགོས།།




iiif viewer powered by OpenSeadragon

21b - 22b

Texts on this page

Gbr004.11 - byang chub kyi sems rin chen 'khor lo zhes bya ba'i rgyud