e-texts navigator
Collection
Volume
Page
Wylie

21b1 ཁ་སྙམ་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་རིག་པའི་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་བཀའ་སྩལ་པ།། རང་བྱུང་རྫོགས
21b2 པ་ལྟ་བུའི་ཀློང་།། མཉམ་ཉིད་ཡེ་ཤེས་རིག་པའི་སེམས།། སྣང་བའི་ཡེ་ཤེས།། རྫོགས་པ་ཉིད།། ནམ་མཁའ་རྡོ་རྗེ་ལྟ་བུའི་མཆོག། ལྟ་མེད་རང་བྱུང་སེམས་ལ་ལྟ།། བརྩལ་མེད་རིག་པའི་རྣལ་འབྱོར་ཡིན།། འཇུག་པ་གཉིས་མེད
21b3 རིག་པའི་ཀློང།། ཡེ་ཤེས་མཁའ་མཉམ་སྒྲ་དོན་མེད།། རང་གསལ་ཡུལ་ལ་མི་རྟོག་པས།། ཡེ་ཤེས་ཐིག་ལེའི་ཉི་མ་ཤར།། སྣང་མེད་མ་འགགས་ཅིརེ་མི་དགོངས།། སྡང་བ་རིག་པའི་ཐིག་ལེར་བསྡུས།། བསྡུག་བསྔལ་བདེ་བའི་ངང
21b4 དུ་གནས།། རེ་འདོད་ཀུམ་བྲལ་ཐོག་སྤངས་མེད།། རང་བྱུང་བདེ་བའི་སེམས་ཉིད་ལ།། སྣང་བ་ཉིད་དུ་གྲུབ་པ་མིན།། བདེ་ཆེན་རིག་པ་མཚོ་ལྟར་ཟ།། ཡེ་ཤེས་རིག་པ་མཁལ་ལྟར་མཉམ།། དངོས་གྲུབ་རིམ་ཆེམ་འོད་ལྟར་འབྱུང་།
21b5 ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས།། ལྟ་བ་བསྟན་པའི་ལེའུ་སྟེ། གསུམ་པའོ།། །། དེ་ནས་རིག་པའི་རྒྱལ་པོས་རང་བཞིན་བསྟན
21b6 པའི་དོམ་གསུངས་པ།། རེག་པའི་སེམས་ཉིད་སྣང་མེད་ལ།། ཏིང་འཛིན་མི་གཡོ་འཇུག་པ་མེད།། རྩོལ་མེད་རིག་པ་བསམ་དང་བྲལ།། ཡེ་ཤེས་རྫོགས་པའི་འཁོར་ལོ་ལ།། རེག་ལེ་བདེ་ཆེན་བསམ་མེ་ཁྱབ།། རོལ་པ།




iiif viewer powered by OpenSeadragon

21a - 22a

Texts on this page

Gbr004.11 - byang chub kyi sems rin chen 'khor lo zhes bya ba'i rgyud