e-texts navigator
Collection
Volume
Page
Wylie

21a1 ། བཞིན་བསྟན།། བསྡམ་པའི་ཡན་ལག་འབུམ་ཕྲག་ཡས།། རང་འབྱུང་དག་པའི་དཤུགས་ཀྱི་འབྱུང་།། འདོད་བརྩོལ་བློ་ལ་དྲང་བ་དང་།། ཐུགས་ཀྱི་དགོངས་པ་ངེས་པའི་དོན།། གདུལ་བྱ་རབ་འབྲིང་དོམ་དུ་བཤད།
21a2 དེངེས་པའི་སྙིང་པོ་གསང་བ་ཉིད།། དྲང་པོའི་དོན་མིན་རང་བྱུང་བཤད།། ཆོས་སྐུ་རང་བྱུང་སྟོམ་པའི་མཆོག། དེར་འདུས་འཁོར་དང་བསྟན་པ་དག། ཉིད་ལས་མི་གཞན་རང་བྱུང་ཉིད།། རིག་པ་མཆོག་གི་སྦྱོར་བ་ལ།།
21a3 སོ་སོ་མ་ཡིམ་བརྗོད་བྱ་ཅིག། ཐ་སྙད་དུ་མའི་བརྗོད་ཕྱག་།། ཀུམ་བཟང་རོག་པའི་གསང་དོན་སྟོར།། བརྗོད་པ་དམན་པའི་སྐུ་ཡིས་བསྟན།། རང་བྱུང་རིག་པ་མཆོག་གི་སྐུ། རང་བྱུང་མཆོག་གི་སྐུ་གསུམ་རྫོགས།།
21a4 མ་བཅོས་རང་བཞིན་སྙིང་པོ་ལ།། འདོད་པའི་རྣམ་པ་གང་ཡང་མིན།། བསྒྲུབ་བྱ་མ་ལུས་ཀུན་གྱི་བདག། ཡེ་ཤེས་ཉིད་མ་སྒྲིབ་མེད་གསལ།། སྣང་བ་མ་ལུས་རང་ཕྱུང་སེམས།། རེག་མཆོག་ལྡན་པ་བདེ་གཤེགས་བཀའ།།
21a5 རང་བྱུང་ཚད་མ་མངོན་གསུམ་གསལ།། འཁོར་བའི་རྟོགས་པ་གཅོད་སྙིང་དག། ཡེ་ཤེས་རང་རིག་ཉིད་དུ་འབར།། སྤྱི་བླུགས་མཚངས་པའི་ཐབས་ཀྱིས་གསལ།། གསང་བའི་དོན་མྱོང་འོད་གསལ་ལུང་།། གཟེར
21a6 ཆེན་མན་ངག་ཐེག་པའི་སྒྲས།། རིག་པའི་བརྡ་འཇལ་ཚེགས་དང་ཁྲལ།། མངོན་གསུམ་ཡིས་གསལ་བ་ཡིས།། རྗེས་སུ་རང་བཞག་ཡེ་ནས་དཔགས།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་རིན་འཁོར་ལོ་ལས་འཁོར་བ་ཡིསུ




iiif viewer powered by OpenSeadragon

20b - 21b

Texts on this page

Gbr004.11 - byang chub kyi sems rin chen 'khor lo zhes bya ba'i rgyud