| | e-texts navigator
|
20b1 གསང་བའི་འཁོར་ལོ་རྫོགས་པ་འདི།། རྒྱུ་རྐྱེན་མཐར་འགྱུར་རང་གནས་པ།། དྲི་མེད་སྙིང་པོ་རང་གསལ་བས།། རྒྱུ་རྐྱེན་འདོད་པའི་ངོ་བོས་སྟོང་།། གང་ཞིག་རྒྱུ་འབྲས
20b2 ངོ་བོ་ཉིད།། དེས་ན་རི་བོ་རོ་བཞིན་ནོ།། རྒྱུ་མེད་རྒྱུས་བསྐྱེད་དེ་དང་འདྲ།། རང་གནས་ཡེ་ཤེས་གདོད་ནས་གྲུབ།། གང་དག་པ་ཡི་འཁོར་ཁོ་ལ།། སྦྱོར་འདོད་རྒྱུ་རྩོལ་གང་ཞིག་ན།།
20b3 འཐུམ་པ་ཉིད་ན་མི་འབུམ་པ།། ཐུག་པ་མེད་དེ་གང་ལ་འཐད།། ཁྱད་མེད་པད་མའི་རང་བཞིན་དག། འདུ་བྱེད་ལས་ཀྱི་རྡོ་རྗེ་འཆང་།། འདུལ་མཛད་ཏིང་འཛིན་འབུམ་ཕྲག་ཡས།། །
20b4 བསམ་བྲལ་ཏིང་འཛིན་འོད་གསལ་སེམས།། ཐབས་འཇུག་སྒྲུབ་པ་ལྔ་ལུས་ཡིན།། མི་གཡོ་དག་ལྡེ་བྱང་ཆུབ་སེམས། ཡོངསུ་སྟོན་པའི་ངོ་བོ་ཉིད། རང་རིག་རྫོགས་པ་མཆོག་གི་སྐུ།
20b5 རང་བྱུང་སེམས་ལ་ངོ་ལོ་ཅིག། རིག་པ་མཆོག་གི་བསྟེན་པ་ནི།། བརྗོད་མེད་ཀུན་ལ་རང་བཞིན་སྟོན།། རྣམ་དག་རིན་ཆེན་ལྟ་བུར་གསུངས།། མི་གཡོ་ཐིག་ལེ་ཉིད་དུ་གསལ།། ཡི་གེ
20b6 དང་ཀུན་དང་བྲལ།། མ་འགགས་རང་སྣང་དོན་དུ་བཤད།། སྣ་ཚོགས་སྣང་བའི་རང་བཞིན་དག། རང་རིག་ངེས་དོན་ཉིད་དུ་བསྟན།། རྣམ་བཤད་རང་བྱུང་བསྟན་པའི་མཆོག། རང་རྩོལ་བའི་རང་བཞིན་བྷྲཱུཾ།། དེ་འཁོར་བསམ་པ་ཇི
iiif viewer powered by OpenSeadragon
20a - 21a