| | e-texts navigator
|
20a1 ཡེ་ཤེས་དབུ་མ་མཐའ་བྲལ་ལ།། བགྲོད་པའི་ལམ་མེད་ཡེ་སངས་རྒྱས།། རིག་པ་ཀུན་བྲལ་ཆོས་ཉིད་ལ།། རང་གསལ་འོད་ལ་གླང་གནས་པ།། རིམ་པར་མ་ཡིན་ཅིར་མི་དགོངས།།
20a2 ཡེ་ཤེས་ཀུན་བཟང་ལམ་ཆེན་ལ།། ཟློའི་སྟོབས་ཀྱིས་གང་འཇུག་པ།། སྦྱོར་ལྡན་ཀུན་གྱི་ལམ་དང་བྲལ།། བརྩལ་མེད་རང་བྱུང་བདེ་ཆེན་ནི།། འདོད་པའི་བརྩོལ་བས་གང་འཕངས་པའི
20a3 རིམས་འཇུག་རྒྱུ་འབྲས་མ་ལུས་སྟོང་།། ཀུན་བཟང་རང་རིག་འོད་གསལ་ལ།། འདོད་པའི་སྦྱོར་བ་གང་འཇུག་ན།། ཕྱོགས་བྲལ་རང་བྱུང་དོན་དང་ཁྲལ།། རྩ་བ་རྣམ་དྲག་མཁའ་ལྟར་ཁྱབ།
20a4 རྣམ་རྟོག་འཛིན་པའི་སྤྱོད་ཡུལ་ཡིན།། སྒྲོ་མེད་སྟོང་པའི་ཐིག་ལེ་ནི།། རྣམ་པ་དང་མེད་གསང་བའི་སེམས། བཏགས་པ་སྣ་ཚོགས་ངོ་བོ་ལ།། མོ་གཡོ་རང་བཞིན་དཀྱིལ་འཁོར
20a5 ནས། ཡེ་ཤེས་ཉི་མ་ཀུན་མཐོང་ཡང་།། ཤིན་ཏུ་སྦྱོར་ལྡན་རྣལ་འབྱོར་ལ།། བཏགས་པའི་སྣང་བ་མཐོང་བ་མེད།། བསམ་གྱི་མི་ཁྱབ་གང་དུས་ན
20a6 འོད་གསལ་ཡེ་ཤེས་དོན་སྣང་ཡང་། གང་མཐོང་སྣ་ཚོགས་སེམས་དང་བྲལ།། རང་བྱུང་དག་ལྗི་དཀྱིད་ལ།། རང་བཞག་རིག་པ་ཀུམ་རྟོགས་ཀྱང་། སྦྱོར་འདོད་སྣ་ཚོགས་མཐོང་བ་མེད།
iiif viewer powered by OpenSeadragon
19b - 20b