| | e-texts navigator
|
1b1 ནྱ། རྒྱ་གར་སྐད་དུ། མཉྫུ་ཤྲཱི་དྷུད་ཏྲ་ས་མ་ཏི་མ་ཧཱ་གུ་ཡ་མན་ཏྲ་ཏན་ཏྲ་ནཱ་མ་བོད་སྐད་དུ། འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད་ཅེས།
1b2 བྱཱ་བྱ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལི་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། མེ་རཱི་འབར་བའི་རྩེ་མོ་སྲི་ལ་མུ་ཁ་ལ་སོགས་པས་རྣམ་པར་སྒྲས
1b3 པོའི་གནས་ན།། པདྨ་ཁ་དོག་ཀུན་ཏུ་འབར་བའི་གདན་ལ།། སྐུ་གསུང་ཐུགས་འཇམ་དཔལ་བདག་ཉིད་ཅན་དུ་གྱུར་པའི་བདག་ཉིད་སེམས་དཔའ་བཞུགས་ཏེ།། འཇིག་རྟེན་ལས
1b4 འདས་པའི་འཁོར་གྱིས་བསྐོར་ཏེ་ཞབས་ཅིག་ཏུ་འཁོད་པ་ནི་ངེས་པའི་དོན་གྱིས་ཚོགས་པ་དང་།། ངེས་པའི་དོན་སྒྲོགས་པའི་ཕྱིར་འཁོར་གཉིསུ་འདུས་པའོ།། དེ་ནས་ལག་ན་རྡོ་རྗེ་འཁོད་པ
1b5 རྣམས་ཀྱི་བསམ་པ་མཁྱེན་ཏེ། ལུས་བཏུད་རྣམས་དང་ལྷན་ཅིག་ཏུ།། རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས།། ཐལ་མོ་སྦྱར་བར་བྱས་ནས་ནི།། སྤྱན་མངར་འདུག་སྟེ
iiif viewer powered by OpenSeadragon
1a - 2a