| | e-texts navigator
|
19b1 པ་སྣ་ཚོགས་པ།། སྐུ་གསུང་ཐུགས་ལས་མ་གཡོས་ཏེ།། དྲན་རྟོག་ཏིང་འཛན་རིག་པའི་ཞུགས།། ན་མཁའ་ལྟ་བུར་མི་ཟད་པ།། བདེ་ཆེན་རིག་པ་སེམས་ཀྱི་བརྒྱན།། རྣམ་པར་རྟོག་པའི་སྒྲོ་འདོག་ས་གཅོད།།
19b2 འོད་གསལ་རིག་པའི་འཁོར་ལོ་ཡིན།། ལུས་ཅན་རྣམས་ཀྱི་སྒྲ་རྣམས་ནི།། སྔགས་ཀྱི་གསུང་དུ་གྲགས་པ་ཡིན།། སྣང་སྟོང་གཉིས་མེད་རིས་པའི་གསུང་།། ཁ་དོག་དབྱིབས་སུ་གང་སྣང་ང།། སྐུ་མཆོག
19b3 བརྒྱན་གྱི་འཁོར་ལོ་ཟབ།། རྡོ་རྗེ་ལྟ་བུར་དབྱེར་མེད་པ།། སེམས་ཀྱི་རང་བཞིན་ཀུན་ཏུ་བཟང་།། སྐུ་གསུང་རྫོགས་པའི་བདེ་བ་ཆེ།། བསམ་མེད་རང་བཞག་ཉིད་ཀྱི་གོ།། རིག་པ་མཆོག་ལྡན་ཀུན་ཏུ་བཟང་།
19b4 བཀའི་འཁོར་ལོ་འབུམ་ཕྲག་ཡས།། ཏིང་འཛིན་མི་རྟོག་རང་བཞིན་གསལ།། རང་རིག་འགྱུར་མིད་རྡོ་རྗེའི་ལུང་།། ཡེ་ཤེས་རྫོགས་པའི་ལུང་གིས་ནི།། ཐམས་ཅད་ཡེ་ཤེས་ངོ་བོས་གསལ།། ཞེན་པའི་སྒོ
19b5 སྐུར་མ་ལུས་པ།། ཡེ་ཤེས་རིག་པའི་འཁོར་ལོར་གཅོད།། དྲན་གསལ་རིག་པའི་སྣང་བ་ལ།། གང་ལྡན་གསལ་བའི་རིག་པ་མཐོང་།། རང་གནས་ཡེ་ཤེས་འོད་གསལ་བས།། སྤྱན་དྲངས་མ་ཡིན་ཡེ་གནས་པ།
19b6 ཡེ་ཤེས་ཀུན་བཟངས་འཕོ་འགྱུར་མེད།། ལྷུན་གྲུབ་རིག་པ་རྩལ་མེད་པས།། སྤྲོ་དང་བསྡུ་བའི་ངང་གིས་ཞི།། རང་བྱུང་ཁྱད་པར་ལམ་ཆེན་ནི།། བླང་དོར་གཉི་སོ་མེད་རིག་པའི་ངང་།།
iiif viewer powered by OpenSeadragon
19a - 20a