e-texts navigator
Collection
Volume
Page
Wylie

19a1 ཡང་མ་ཡིན་ཏེ།། འགྱུར་མེད་དབྱིངས་ཀྱི་ལྟ་བ་ཡིན།། འདོད་པའི་བྱ་བ་གང་ཡང་མིན།། ངོ་བོ་ཉིད་ལ་ཡངས་དྲོག་མེད།། སེམས་ཉིད་དྲི་མ་པ་དག་ལ།། འགྱུར་མེད་རིན་ཆེན་གསེར་བཞིན།།
19a2 འཇིམ་པའི་རླུང་གིས་གཡོས་གྱུར་ཀྱང་།། རིག་པའི་ངོ་བོ་འགྱུར་བ་མེད།། རྒྱ་མཚོ་ཆེན་པོའི་སྣང་བ་བཞིན།། ཕྱི་ནང་མི་མངའ་ཡེ་ཤེས་གསལ།། མཐའ་དབུས་མི་མངལ་ཕྱོགས་དང་བྲལ།།
19a3 ཡེ་ཤེས་སེམས་ཉིད་ལྟ་ལ་ལ།། རྒྱུ་དང་རྐྱེན་གྱི་རྩོལ་བཱ་མེད།། རྡོ་རྗེ་ཉིད་འདྲ་འཇིག་པ་མེད།། ཉི་མ་རིན་ཆེན་འབར་བ་ལྟར།། རང་བསལ་རྣམ་པར་རྟོག་དང་བྲལ།། འཁོར་བཱ་ཉིད་ན་ཡེ་སངས་རྒྱས།། རང
19a4 རིག་པ་གང་ཡང་རུང་།། བསམ་པ་དང་བྲལ་ཡེ་ཤེས་ཉིད།། ཆོས་དྲང་ཆོས་ཉིད་གང་ཡང་མིན།། མཐའ་བྲལ་ཡིས་རྫོགས་པ་འདི།། རྟགས་པ་མ་ཡིན་མི་རྟག་མིན།། ཤེས་པ་མི་དགག་འདོད་པ་མིན།། བྱ་བྱེད།
19a5 མི་རྩོལ་རང་བཞིན་དག། དབུ་མ་ཆེན་པོ་དྲང་པོ་ལི་སེམས།། ཕྱོགས་ཀྱི་ཡུལ་ལ་འཇུག་པ་མེད།། སེམས་ཉིད་ཡུལ་ལ་གང་འཇུག་ན།། འཛིན་པའི་ཕྱོགས་བཅས་འདོད་པ་ཉིད།། དབུ་མའི་སེམས་དང་མི་ལྡམ་པར།།
19a6 བག་ཆགས་འཛིན་པའི་སེམས་ཀྱོས་དཀྲུགས།། བསམ་མེད་རིག་པ་བརྗོད་མེད་འོད།། ཐ་སྙེད་མིང་ལ་མི་གནས་ཏེ།། གདུལ་བྱ་སྨན་པའི་སེམས་དག་ལ།། བ་སྐད་སྒྲའི་འཁོར་ལོས་བསྟན།། སྣང་སྲིད་སྣང




iiif viewer powered by OpenSeadragon

18b - 19b

Texts on this page

Gbr004.11 - byang chub kyi sems rin chen 'khor lo zhes bya ba'i rgyud