e-texts navigator
Collection
Volume
Page
Wylie

18b1 གསལ། མི་བསམ་གྱི་ནམ་བཞག་པའོ།། བསམ་གྱི་མི་ཁྱབ་ཨཻས་མཐོང་།། རང་ཁྱུང་རྫོགས་པའི་ལྷ་བ་ནི།། མཐའ་གསུམ་བྲལ་ཁོ་ཡེ་སངས་རྒྱས།། རྩོལ་བྲལ་དབུ་མ་དྲང་པོའི་ལམ།། འཆི་བ་བྲལ་ལྟ་བ་གཟལག་ཏད་མེད།།
18b2 ནི་ཆེན་འཁོར་ལོ་ཀུན་བཟང་འདི།། རང་སེམས་གཉིས་མེད་རྟོགས་པར་གྱིས།། བཏང་སྙོམས་ལྟ་བ་བླང་དོར་མེད།། ཁྱུང་ཆེམ་མཁའ་ལ་ལྡང་བ་བཞིན།། སྒྲོ་བསྡུ་གཉིས་མེད་བཏང་བཞག་ཁྲལ།། རང་བཞིན་གནས་ལས་རེ་དོགས་བྲ་ལ།། སྤྱོད་ཡུལ
18b3 མ་ལུས་སེམསུ་ཤེས།། སྣ་ཚོགས་འཁོར་བའི་རང་བཞིན་དང་།། ཡེ་ནས་རང་བཞིན་གཉིས་སུ་མེད།། གཉིས་ལས་གཞམ་སེམས་གྲུབ་པ་མེད།། རིག་པ་ཅི་ཡང་མ་ཡིན་པས།། འདོད་པའི་བསམ་པ་ཀུན་དང་བྲལ།།
18b4 ཤེས་ཁ་མངལ་བྲལ་སྟོང་པ་ཉིད།། ཡཾས་འོད་གསལ་རང་གསལ་རང་གནང་པ།། ཡིད་ལ་འཛིན་མེད་ཡིས་གསལ།། རལ་པ་སྣང་ཡང་གྲུབ་པ་མེད།། སྒྱུ་མའི་ཡེ་ཤེས་རྩལ་དུ་འཕྲོ།། མ་བཅོས་སྒྱུ་མ་ལྷན
18b5 གྲུབ་ལ།། འཛིན་པའི་སེམས་དང་དངོས་གཟུ་མེད།། ཡེ་ཤེས་རྒྱལ་ང་རྣམ་པ་མ་དག། འཇིམ་པའི་སེམས་ཁྲལ་རིག་པ་གསལ།། སེམས་ཉིད་ན་མཁའི་ལྟ་བ་ལ།། ནམཁའ་ལྟ་ཁུར་བསམ་དུ་མེད།། ན་མཁའ
18b6 བསམ་དུ་མེད་ལ་བཞིན།། ཡེ་ཤེས་བསམ་དུ་མེད་འང་ཡིན།། ཅིར་ཡང་མི་དགོངས་རང་བཞག་པ།། དུས་གསུམ་རྒྱལ་བའི་ལྟ་བ་ཡིན།། ལྷར་མེད་རང་བཞག་ལྟ་བ་ནི། དུས་གསུམ་གང




iiif viewer powered by OpenSeadragon

18a - 19a

Texts on this page

Gbr004.11 - byang chub kyi sems rin chen 'khor lo zhes bya ba'i rgyud