| | e-texts navigator
|
17b1 འདིར་མངའ་བྲལ་ལྟ་བའི་དོན་ལྡན་གྱིས།། རང་བཞགས་དགོངས་པས་གནས་པར་བྱ།། རང་བྱུང་ཐུགས་རྗེ་གཡོ་མེད་ཀྱིས།། འགྲོ་དོན་མ་ལུས་རྫོགས་པར་མཛད།། སྐུ་གསུམ་ལྷུན་གྲུས་འབྲས་བུ་ནི།། གཞན་མ་ཡིམ་ཏེ་དེ་ཉིད་རྫོགས།
17b2 རིག་དྲུག་དབང་པོ་ཚིག་ཆོད་དམ།། སྦྱང་པའི་འཕྲོ་ཙམ་གང་ཡང་རུང་།། སེམས་ཀྱི་རྣམ་གྲངས་གང་སྒོ་ནས།། སྤྱི་བླུགས་དབང་ལ་གནས་བྱས་ཏེ།། རྣ་རྒྱུད་གདམས་ངག་ནོད་པར་བྱ།། བགྲོད་མེད་ལམ་ལ་གནས་བྱས་ལ།། སྦྱང་མེད།
17b3 སའི་ཡོན་ཏན་སྤེ་ལ།། རིམ་མེད་ཙོག་ཅར་འཇུག་ལ་ཡིས།། རང་བྱང་ཡེ་ཤེས་བླ་མ་ཡིས།། རབ་ཏུ་ཆེ་མཆོག་ཆོས་ཀྱི་སྐུ།། བརྩལ་མེད་བརྟག་པ་མངོན་སངས་རྒྱས།། འགྲོ་ལ་རིག་པ་གང་དག་ལ།། བས་མ་བྲལ་ཉིད་དུ་འདུག
17b4 པར་བྱ།། ཤེས་པ་རབ་ལུགས་ཐལ་བྱུང་བ།། དུས་གསུམ་མི་གཡོ་གནས་འགྱུར་ན།། རྒྱལ་བའི་ཡེ་ཤེས་གསལ་མཐར་ཕྱིན།། ཅེས་གསུངསོ།། བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས།། གླེང་བཞིའི་ལེའུ་སྟེ། དང་པོའོ།། །།
17b5 དེ་ནས་རིག་པའི་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྣ་ཚོགས་འཁོར་བའི་རྟོག་པ་དང་།། རྫོགས་ཉིད་ཡེ་ཤེས་རང་བཞིན་ཅིག། རྫོགས་པའི་ཡིས་རྟོག་པ་ཉིད།། རྟོག་པ་གང
17b6 ཡིན་ཡིས་ཉིད།། ཐ་དད་ཡོད་པ་མ་ཡིན་ཏེ།། ཡིས་རྫོགས་པའི་རང་བཞིན་ནི།། ཀུན་སྤངས་ཀུན་གྱིས་དངོས་གཞི་ཅན།། འཛིན་པ་དུ་མའི་རྟོག་པ་འདི།། བྱང་ཆུབ་སེམསུ་བརྗོད་པ་ཡིན།། བརྗོད་མེད་སེམས་ཀྱི་རང་བཞིན
iiif viewer powered by OpenSeadragon
17a - 18a