e-texts navigator
Collection
Volume
Page
Wylie

17a1 དེ་ནས་སྨིམ་པ་ཆེན་པོའི་ནང་ནས།། སེམས་དཔའ་རྡོ་རྗེ་བྱུང་སྟེ།། འདི་སྐད་ཅེས་གསོལ་ཏོ།། རིག་པ་རྣམ་དག་བཅོམ་ལྡན་འདས།། སྐུ་གསུམ་རྫོགས་པའི་ཡེ་ཤེས་ཆེ།། མཛད་པ་ཕྱོགས་བཅུ་མུ་མཐའ་ཡས།། ཐུགས་རྗེ
17a2 རང་སྣང་ཕྱོགས་རིགས་མེད།། བཏང་སྙོམས་ཆེན་པོ་ཀུན་ཏུ་བཟང་།། རིགས་པ་མཆོག་གི་དཀྱིལ་འཁོར་ནས།། རྫོགས་པའི་ཡེ་ཤེས་ཐབས་ཆེན་གྱིས།། གསལ་བའི་ཡེ་ཤེས་སྒོ་ཕྱེ་ནས།། དཔལ་གྱི་མགུལ་ནས་གསུང་སྒྲགས་པས།།
17a3 འདུས་པའི་འཁོར་ལ་གསལ་བར་གསུངས།། ཅེས་གསོལ་ཏོ།། དེ་ནས་རིག་པའི་རྒྱལ་པོས།། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡེ་ཤེས་རྫོགས་པ་བདེ་ལ་ཆེ།། མཐའ་ཡས་འགྲོ་བ་ཀུན་ལ་ལྡན།།
17a4 རིས་པ་དབྱེ་མ་མེད་ཀུན་ཏུ་བཟང་།། གང་ཡང་མ་ཡི་མ་རིག་པ་རགས་ལ།། རྩོལ་བའི་སེམས་བྲལ་མངོན་སངས་རྒྱས།། རྒྱུ་འདྲ་གཉིས་མེད་འགྱུར་བ་བྲལ།། རྣམ་སྣང་ཤེས་པ་རང་གནས་པ།། བྱེད་ལ་གཉིས་ཀྱི་མཐོང་བར་གྱིས།། ཤེས་པའི
17a5 རྣམ་གྲངས་གང་སྐྱེས་ཀྱང་།། རྣམ་བྱང་ཉིད་ལས་གཞན་མ་ཡིན།། བསམ་གྱིས་མི་ཁྱབ་དུས་ན་ཤེས།། འཁོར་བའི་ཤེས་པ་བློ་བུར་བ།། རང་བཞིམ་མ་ཡིན་རྐྱེན་གྱིས་སྣང་།། བརྗོད་པའི་སྙན་པ་ཉིད་དང་མཚུངས།།
17a6 རྣམ་པར་རྟོགས་པའི་སེམས་ཉིད་ནི།། གང་ལྟར་བརྟགས་པ་དེ་ལ་ནི་མ་མཐོང་།། དུ་མའི་རིགས་ཀྱུ་རྟོག་པ་དག། སྒོ་རྣམས་ཀུན་ཏུ་རྒྱུ་བ་སྟེ།། མེ་ཅིག་སྐར་ཁུང་དུ་མ་བཞིན།། དོན་གྱི་རྣམ་བྱང་དུ་མ་ཡིན།། རིག་པ་དབྱེར་མེད་དཀྱིལ་འཁོར




iiif viewer powered by OpenSeadragon

16b - 17b

Texts on this page

Gbr004.11 - byang chub kyi sems rin chen 'khor lo zhes bya ba'i rgyud