| | e-texts navigator
|
16b1 བདག་གཞན་དོན་གྱི་སྣང་ལགས་ལ།། རྒྱུད་ཆེམ་མཚན་དོན་དགོངས་པ་བཀྲོལ།། འགྲོ་བའི་མགོན་པོ་རྗེ་ཡི་རང་།། ཅེས་གསུངས་སོ།། འཇམ་དཔལ་བཤད་པའི་རྒྱུད་ལས།། རྗེ་སུ་ཡི་རང་བ་སྟེ། ལེའུ་ལྔ་པའོ།།
16b2 འཇམ་དཔལ་བཤད་པའི་རྒྱུད་ལས།། དོམ་གྱི་སྒྲོན་མ་བསྟན་པའི་ལེའུ་སྟེ། ཡང་སྙིང་རྫོགས་སྷོ།། ། སྔགས་ཀྱི་བསྲུངས་མས་བཀའི་བྱར་གྱིས།། ། རྒྱུ་གར་སྐད་དུ། བོ་དྷི་ས་སཏྭ་རདཱ་ཙཀྲ་ཏན་ཏྲ་ནཱ་མ།། བོད་སྐད་དུ།
16b3 བྱང་ཆུབ་ཀྱི་སེམས་རིམ་ཆེན་འཁོར་ལོ་ཞེས་བྱ་བའི་རྒྱུད།། བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་འཁོར་ལོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན།། འོག་མིན་གྱི་གནས།། སེམས་ཉིད་བརྡལ་བ་ཆེན
16b4 ཞིང་ཁམས་ན།། རང་བྱུང་རྫོགས་པའི་བཅོམ་ལྡན་འདས་དགོངས་པ་རང་བྱུང་གི་དོན་ལ་བཞུགས་སོ།། ཡང་དེའི་ཚེ་སྨིན་པ་ཆེན་པོའི་འཁོར་འདི་ལྟ་སྟེ།། རང་བཞིན་གྱི་གནས་པ་དང་།། རང་བཞིན་ལ་ལྟ་བ་དང་།། རང་བཞིམ་རྟོགས་པ་ཆེན་པོ།།
16b5 རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་མངོན་པར་དགའ་བ་འབལ་ཞིག་དག་འདུས་སོ།། དེ་ནས་རིག་པའི་རྒྱལ་པོ་སྣ་ཚོགས་བསམ་བྲལ་གྱི་ཏིང་འཛིམ་ལ་སྙོམ་པར་བཞུག་སོ།། དེའི་ཚེ་འདུས་པའི་ཆོས་གྱི་ཐེང་རང་བྱུང་དུ་མཐོང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན
16b6 འདས་རིག་པའི་རྒྱལ་པོས་འདི་སྐད་ཅེས་གསུང་སོ།། རང་བྱུང་དག་པས་ཡེ་སངས་རྒྱས།། ཆོས་དང་ཆོས་ཉིད་སྣ་ཚོམ་པ།། ། རིག་པ་ཉིད་ཡིན་རྣམ་པར་དག། སྨིན་པའི་འཁོར་ཚོགས་རང་སེམས་ཀྱིས།། སྣ་ཚོགས་རང་བྱུང་ཉིད་དུ་ལྟོས།། ཞེས་གསུངས་སོ།།
iiif viewer powered by OpenSeadragon
16a - 17a