e-texts navigator
Collection
Volume
Page
Wylie

15b1 སྤྱིའི་སྙན་པ་སྟེ། ལེའུ་དང་པོའོ།། །། དེ་ནས་ཡང་སྟོན་པས་གསུངས་སོ།། རྡོ་རྗེ་འཛིན་པ་ངེས་ཟུང་ཅིག། ཡེ་ཤེས་ལ་ཡང་རྣམ་པ་གཉིས།། ཚིག་དང་དོན་དུ་བསྟོན་པ་ཡིན།། དོན་གྱི་ཡེ་ཤེས་རྒྱུ་ཡང་ལྔ
15b2 ཡང་ན་གཉིས་སུ་བསྡུས་པ་ཡིན།། འཕྲ་འབྱུང་མེད་དང་ཡེ་ཤེས་དང་།། མན་པའི་དོན་ཀྱང་དེ་བཞིན་ནོ།། ཚིག་གི་ཡེ་ཤེས་རྫོགས་ཆེན་ལུང་།། གཞན་གྱི་ཡེ་ཤེས་དོན་མི་ཤེས།། རྫོགས་ཆེན་ཡེ་ཤེས་བཏན་འབེབས་པས།། ཡེ་ཤེས
15b3 གྱི་ངོ་བོ་གས་ལ།། ཡེ་ཤེས་ཞེས་ཀྱང་དེ་ལ་བྱ།། རྒྱན་ཞེས་བྱ་བ་རྣམ་པ་གཉིས།། བརྗོད་བྱ་དོན་དང་།། བརྗོད་བྱེད་ཚིག། ཚིག་གི་རྒྱན་ནི་རྣམ་པ་གཉིས།། འཇམ་དཔལ་ཚིག་ལ་རྫོགས་ཆེན་ལུང་ག་ངརྒྱན།། རྫོགས་ཆེན་ཚིག་ལ་འཇམ
15b4 དཔལ་ལུང་གིས་བརྒྱན།། ཅིག་ལ་ཅིག་མཛེས་གསེར་ལ་གཡུས་སྤྲད་འདྲ།། དོན་གྱི་རྒྱན་ནི་རྣམ་པ་བཞི།། ཆོས་ཉིད་དག་ལ་ཆོས་ཀྱི་སྐུ་ཡས་བརྒྱན།། ཆོས་ཀྱི་སྐུ་ལ་ཡེ་ཤེས་ཀྱི་གདངས་དང་ཆས་པས་བརྒྱན།། ཡེ་ཤེས་གདངས་ལ་ཞུགས
15b5 རྗེའི་གཟུགས་སྐུས་བརྒྱན།། དུགས་རྗེའི་སྐུ་ལ་བསྟན་པའི་སྙིང་པོས་བརྒྱན།། རྒྱན་ཞེས་བྱ་བ་དེ་ལྟར་རོ།། ཅེས་གསུངས་སོ།། འཇམ་དཔལ་བཤད་པའི་རྒྱུད་ལས།། ཡེ་ཤེས་རྒྱན་གྱི་བཤད་པ་སྟེ། ལེའུ་གཉིས་པའོ།།
15b6 དེ་ནས་ཡང་ལག་ན་རྡོ་རྗེས་ཞུས་པ།། དགོངས་པ་ཞེས་ནི་ཅི་ལ་བགྱི།། འདུས་པ་ཞེས་པ་ཇི་ལྟར་ལགས།། ཐུགས་རྗེ་ཆེན་པོས་གསུངས་ད་གསོལ།། ཅེས་ཞུས་སོ།། སྟོན་པས་བཀའ་སྩལ་པ།། རྡོ་རྗེ་འཛིན་པས་ངེས་ཟུང་ཅིག།




iiif viewer powered by OpenSeadragon

15a - 16a

Texts on this page

Gbr004.10 - 'phags pa 'jam dpal gyi rgyud bzhi'i don gsal bar byed pa'i rgyud