e-texts navigator
Collection
Volume
Page
Wylie

14a1 སྙིང་རྗེ་ཡིས་ནི་ཡ་ལ་དགོས།། སངས་རྒྱས་འགྲོ་བའི་ཆོས་འཇིམ་པ།། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། ཁ་དོག་སྣ་ཚོགས་འབར་བའི་འོད།། རྡོ་རྗེ་དཀྱིལ་དཀྲུངས་རྫོགས་སངས་རྒྱས།། ཤེས་རབ་ཆེན་པོ་སྐད་ཅིག་ལ།།
14a2 ཆོས་ཀུན་ཁོང་དུ་ཆུད་པ་པོ།། ཆོས་ཀུན་མངོན་པར་རྟོགས་པ་སྟེ།། རྡོ་རྗེ་དབང་ཕྱུགས་གསང་བའི་རྒྱལ།། རྡོ་རྗེ་བློ་གྲོས་དོན་ཆེན་བྱེད།། ཀུན་ཏུ་བཟང་པོའི་གཙོ་བོ་སྟེ།། འགྲོ་ཀུན་དགའ་བའི་མིག་དང་ལྡན།། ཤེས་རབ་རལ
14a3 གྲི་མདའ་བཞུ་ཐོགས།། ཉོན་མོངས་མི་ཤེས་གཡུལ་ངོ་སེལ།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ།། རྡོ་རྗེ་རལ་གྲི་མ་ལུས་གཅོད།། ཆོས་ཀྱི་གྷནྟེ་སྒྲ་བོ་ཆེ།། ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ།། ཆོས་ཀྱི་དུང་སྟེ་སྒྲ་ཆེ་ལྡན།། ཆོས་ཀྱི
14a4 རྒྱལ་མཚན་ལེགས་པར་འཛུགས།། འགྲོ་ན་གདུགས་ཅིང་ཡང་ལ་སྟེ།། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན།། སྨན་པ་ཆེ་མཆོག་གཙོ་བོ་སྟེ།། ཟུག་རྔུ་འཛིན་པ་བླ་མ་མེད།། ནང་དུ་ཅོག་གི་སྒྲ་ཆེ་བ།། སྨན་རྣམས་མ་ལུས་ལྡོམ་པའི་ཤིང
14a5 འགྲོ་བའི་མར་མེ་ཡེ་ཤེས་སྒྲོན།། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས།། དོན་ཡོད་འགྲོ་བའི་དོན་བྱེད་པ།། འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་།། སེམས་ཅན་ཀུམ་ཡིད་ཡུལ་དང་ལྡན།། སངས་རྒྱས་ཀུན་གྱི་ཐུགས་རིགས་ལ།། སེམས་ཅན
14a6 ཀུན་གྱི་ཡིད་ལ་གནས།། དེ་དག་སེམས་དང་འབུམ་པར་འཇུག། སེམས་ཅན་ཀུམ་ཡིད་ཚིམ་པར་བྱེད།། མྱ་ངམ་འདས་ལ་མྱ་ངམ་འདས།། ལེགས་པར་མྱ་ངམ་འདས་དང་ཉེ།། བདེ་སྡུག་སེལ་བའི་ཚ་བར་གྱུར་པ།། ཆགས་བྲལ་ལུས




iiif viewer powered by OpenSeadragon

13b - 14b

Texts on this page

Gbr004.9 - 'jam dpal dgongs pa 'dus pa gsang sngags chen po'i rgyud