e-texts navigator
Collection
Volume
Page
Wylie

13b1 བཅུ་གཉིས་སྲིད་རྩ་སྟོན།། རྟེན་འབྲེལ་འཁོར་ལོ་བཅུ་གཉིས་འཆད།། སྣང་བ་ཆེན་པོ་གསལ་བ་ཆེ།། ནོར་བུ་ཆེན་པོ་རིན་ཆེན་ཏོག། འོད་ཆེན་རྣམ་པར་སྣང་བར་བྱེད།། ཡེ་ཤེས་སྐུ་སྟེ་རང་བྱུང་བ།། སེམས་ཅན་ཀུམ་གྱི་ཡིད་ལྟར་མགྱོགས།
13b2 ཚོགས་གཟུགས་ཅན་ཡིད་ལས་སྐྱེས།། གཟུགས་རྣམས་སྣ་ཚོགས་ཀུམ་ཏུ་སྟོན།། དེ་ལྟར་འབྲལ་སྣང་ཤར་པའོ།། དེ་ན་སྤྲུལ་སྐའི་ཞིང་ཁམས་ཡིན།། ཆོས་སྐུའི་ཞིང་ཁམས་ཞུགས་ཀྱི་ལིའུ་བཞིན།། ལོངས་སྐྲའི་ཞིང་ཁམས་སྐུལ
13b3 ཁེའུ་བཞིན།། ཐུགས་རྡོ་རྗེ་དག་པའི་བྱུང་ཚུལ་ཡང་།། སྐུ་ཡི་འོད་དང་གསུང་གི་ཟེར་ལས་བྱུང་།། རྡོ་རྗེ་ཉི་མ་སྣང་བ་ཆེ།། རྡོ་རྗེ་ཟླ་བ་དྲི་མེད་འོད།། སྐུ་གསུམ་དྲི་མེད་ཞུགས་རྗེ་འབྱུང་།། ཆོས་སྐུ་འི་གནས་ལུག་གོང་བཞི་མ་བསྟན།། ཕུག་ཇི
13b4 རྒྱལ་བའི་རིག་པ་སྟེ།། གོང་བཤད་བཞིན་དུ་ཤེས་ལར་གྱིས།། ལོངས་སྐུའི་ཐུཊ་རྗེ་སྤྲུལ་སྐུ་སྟེ།། ལོངས་སྤྱོད་རྫོགས་སྐུ་སྐུ་ཡི་རྒྱལ།། མངོམ་ཤེས་དྲུག་ལྡན་རྗེས་དྲམ་དྲུག། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ།། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག
13b5 སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ།། ཕྱོགས་འཅུར་སྤྲུལ་ལ་སྣ་ཚོགས་འགྱེད།། ཛཾ་ག་ནི་མ་འགྲོ་བའི་དོན་བྱེད་བགྱིད་པ།། ལྕེའི་དབང་པོ་ལྷ་འིཿ། ལྷ།། ལྷ་ཡི་བདག་པོ་ལྷ་མ་ནི་བདག། འི་ཆི་མེད་དབང་པོ་ལྷ་ཡི་ལྷ།། འཛེམ་བྱེད་འཇོམ་ཁྱེད
13b6 དབང་ཕྱུགས་སོ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། སྟོན་པ་ཅིག་པོ་འགྲོ་བའི་བླ།། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་།། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ།། ཆོས་ཀྱི་སྦྱིན་བདག་ཆེ་བ་པོ།། བྱམས་པའི་གོ་ཆ་ཆས་ལ་སྟེ།།




iiif viewer powered by OpenSeadragon

13a - 14a

Texts on this page

Gbr004.9 - 'jam dpal dgongs pa 'dus pa gsang sngags chen po'i rgyud