| | e-texts navigator
|
13a1 འབྱོར་ཅན། རིན་ཆེན་ཀུན་འདག་དབང་ཕྱུག་སྟེ།། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ།། སངས་རྒྱས་ཀུམ་གྱི་ཐུགས་ལ་གནས།། དོན་གཅིག་གཉིས་མེད་ཆོས་ཀྱི་དོན།། དམ་པའི་དོན་ནི་འཇིགས་ལ་མེད།། གྲུབ་པ
13a2 མཐར་ཕྱིན་འཁྲུལ་པ་མེད།། ནོར་པ་ཐམས་ཅད་རྣམ་པར་སྤངས།། བདག་མེད་སེང་གེ་འི་སྒྲ་དང་ལྡན།། མུ་སྟེགས་མི་དགས་ངམ་ཟེད་།། མཆོད་སྦྱིན་རྡོ་རྗེ་ཁྱོད་ལ་འདུད།། ཡང་དག་མཐའ་གྱུར་ཁྱོད་ལ་འདུད།། སངས་རྒྱས་ཐུཊ་ལ
13a3 ཕྱག་འཚལ་འདུད།། སྒྲ་འཕྲུལ་དྲ་བ་ཁྱོད་ལ་འདུད།། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད།། ཅེས་གསུངསོ།། འཇམ་དཔལ་དགོངས་པ་འདུས་པ་ལས།། འཇམ་དཔལ་ཐུགས་ཀྱི་ལེའུ་ཟབ་མོར་བསྟམ་པ་སྟེ།། ལེའུ་དྲུག་པའོ།། །
13a4 དེ་ནས་ཡང་སྟོན་པས་བཀལ་སྩལ་པ།། རྡོ་རྗེ་འཛེམ་པ་ལེགས་པར་ཟུང་།། སྐུ་དང་གསུང་དང་ཐུགས་དང་གསུམ།། དགོངས་པ་མ་ནོར་དེ་བཞིན་ནོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡང་།། ཡུལ་མེད་འབྱུང་བར་མི་འགྱུར་ཏེ།། སྤྱིར་མ་ཞིང་ཁམ
13a5 གསུམ་ན་ཡང་།། སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཡིན།། ཆོས་སྐུའི་ཞིང་ཁམས་རྣམ་དག་སྟུག་པོ་བཀོད་པའི་ས།། ལོངས་སྐུའི་ཞིང་ཁམས་མཚན་རྫོགས་རྡོ་རྗེ་འཆང་གིས།། སྤྲུལ་སྐུའི་ཞིང་ཁམས་ཁམས་གསུམ་འཁོར་བའི་རྒྱུ།། གདུག
13a6 བྱ་གསུམ་ཡང་དེ་བཞིན་ཏེ།། ཉིད་ལས་མི་ཞན་སྐུ་ལྔ་དང་།། སེམས་དཔའ་སེམས་མ་ཡིས་དང་ནི།། རིགས་དྲུག་དུ་མ་སྣང་བའོ།། དེ་དག་ལ་ཡང་གཉིས་ཡིན་ཏེ།། སྤྲུལ་པ་སྐུ་དང་རང་རྒྱུད་པ།། རང་རྒྱུད་འཁྲུལ་ཞིང་འཁོར་བ་སྟེ། ཡ་མ་ལག
iiif viewer powered by OpenSeadragon
12b - 13b