e-texts navigator
Collection
Volume
Page
Wylie

7b1 ཟུག་འབྲས་བུ་འབྱུང་མི་འགྱུར།། འབྱུང་མ་མི་སྲིད་ལུང་དང་འགལ།། གཞན་དུརེ་ཤིག་ཕྱོག་ལེ་ལ།། སངས་རྒྱས་ཞེས་སུ་བཏགས་ལར་ཟད།། གསང་སྔགས་མཐའ་དྲུག་ལྡན་བྱས་ནས།། ཡོ་བྱད་གཉིས་ལ་ལོངས་སྤྱད་པས།།
7b2 རྣལ་འབྱོར་དབང་ཕྱུག་དམ་པ་དེ།། རྡོ་རྗེ་སེམས་དཔའི་གྲལ་དུ་ཕྱིན།། ཚེ་འདི་ཉིད་དམལ་མམ་དོམ།། སྐུ་དང་ཡེ་ཤེས་ཐོབ་པར་འགྱུར།། གལ་ཏེ་རྩོལ་ཞན་མ་ཉམས་ན།། སྐྱེ་བ་ལེན་གྲངས་འགལ་ཡི་ཕོཿ།། ཞེས་གསུངས་སོ།།
7b3 ཀུན་ཏུ་བཟང་ལོ་ཡེ་ཤེས་གསལ་བར་སྟོན་པ།། གསང་སྔགས་ལམ་མཆོག་འདུས་ལའི་རྒྱུད་ལས།། རྡོ་རྗེ་ཐེག་ཡལམ་གྱི་ཁྱད་པར་གྱིས་འམས་བུ་ཐོབ་པའི་དུས་བསྟན་པའི་ལེའུ་སྟེ། གསུམ་པའོ།།
7b4 ནས་ཡང་དལ་ལ་རྡོ་རྗེ་སེམས་དཔས་གསོལ་པ།། ཀྱེ་མ་བཅོམ་ལྡན་འདས་ཀུམ་ཏུ་བཟང་པོ།། རྫོགས་པ་ཆེན་པོ་རོལ་པ་ལ།། གསང་སྔགས་མཐའལ་དྲག་གསུང་ལ་དེ།། དོན་ཉིད་རིམ་པར་བཤད་དུ་གསོལ།། ཞེས་གསོལ་ལས།།
7b5 ཀུམ་ཏུ་བཟང་པོ་རྒྱལ་བས་བཀལ་སྩལ་པ།། གསང་སྔགས་མཐའ་དྲུག་གསུངས་པ་ནི།། དང་ཡོར་བསྐྱེད་པའི་ཚུལ་དབང་བསྐུར་ནས།། དེ་ནས་རིག་པའི་རྩལ་དབང་བསྐུར།། རབ་པ་ཉིད་ཆགས་པར་བྱེད་ལ་ལ།། གཞི་ཉིད་དམ་ཚིག་གཟུང
7b6 པར་བྱ།། ཐཾ་དི་མཉམ་པ་ཆེན་པོར་བསྲུང་།། དེ་ལ་ལྟ་བས་བག་བཅད་པས།། རང་བྱུང་ཡེ་ཤེས་བརྩལ་བྲལ་བ་། རིག་པ་སྟོང་གསལ་དོམ་ལ་རྟག། ཉམ་སུ་ཏིང་འཛིམ་བླ་པ་ནི།། བསྐྱེད་པའི་རིམ་ལའི་ཚུལ་གཟུང་ནས།། མཚན་བཅས




iiif viewer powered by OpenSeadragon

7a - 8a

Texts on this page

Gbr004.5 - rdzogs pa chen po kun tu bzang po ye shes gsal ba ston pa/ gsang sngags kyi lam mchog 'dus pa'i rgyud