| | e-texts navigator
|
7a1 འདུས་པའི་རྒྱུད་ལས། རྫོགས་པ་ཆེན་པོ་དོན་ཉིད་བསྟན་པའི་ལེའུ་སྟེ། གཉིས་པའོ།། ། དེ་ནས་ཡང་དཔལ་རྡོ་རྗེ་སེམས་དཔས་གསོལ་ལ།། ཀྱེ་ཀྱེ་ཀུན་བཟང་བཅོམ་ལྡན་འདས།
7a2 རྫོགས་པ་ཆེན་པོའི་རྣལ་འབྱོར་པས།། ལམ་གྱི་ཁྱད་པར་ཇི་ལྟ་བས།། འབྲས་བུས་ཐོབ་ཚུལ་བཤད་དུ་གསོལ།། ཞེས་གསོལ་པས།། དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་བཀའ་སྩལ་པ།། སྡེ་སྣོད་གསུམ་གྱི་བསྐལ་པ་ནི།། གྲངས་མེད
7a3 ཤད་ཀྱང་རྙེད་བཀའ་བ།། བཞི་པ་རྡོ་རྗེའི་སྡེ་སྣོད་འདིས།། བསྒྲོད་ལ་མེད་ལར་སངས་རྒྱས་ཐོབ།། གསང་སྔགས་རྡོ་རྗེ་འབྲས་བུའི་ལམ།། ལམ་འབྲས་དབྱེར་མེད་འབྲས་བུའི་ལམ།། ཀྲི་ཨེ་ཨོཾ་ག་ཨུ་ལ་ཡང་།། ལྟ་བ་སྤྱོད་ལ་ཕྱིར
7a4 གྱུར་ཏེ།། མཚམ་ཉིད་དག་ལས་འཕགས་མ་ནུས།། ལྷ་དང་སྔགས་ཀྱི་རེ་ཤིག་འཕགས།། ལྟ་སྤྱོད་ནང་དུ་གྱུར་པས་ན།། རྩ་རླུང་ཐིག་ལེ་དབང་ལ་རྫོགས།། གསཔ་སྔགས་ནད་པ་ཁྱད་པར་ཆེ།། མ་ཧཱ་ཡོ་ག་བསྐྱེད་པའི་ཚུལ།། ཨ་ནུ་ཡོ
7a5 ག་རྫོགས་ལའི་ཚུལ།། ཨ་ཏེ་ཡོ་ག་ལ་བཟླའི་ཚུལ།། ཚུལ་གསུམ་དབྱེར་མེད་ཅིག་གིས་དང་།། བསྐྱེད་དང་རྫོགསལ་ཟུང་འཇུག་ཉིད།། བསྐྱེད་རིམ་བསོད་ནམས་ཚོགས་ཉིད་ལས།། འབྲས་བུ་གཟུགས་སྐུ་འབྱུང་བ་རོ་འགྱུར།། དེ་མེད་སྐུ
7a6 དང་ཞིང་ཁམས་སུ།། གདུལ་བྱའི་སྣང་ལ་འབྱུང་མི་འགྱུར།། རྫོགས་རིམ་ཡེ་ཤེས་ཚོགས་ལས་ནི།། འབྲས་བུ་ཆོས་སྐུ། འབྱུང་བར་འགྱུར།། དེ་མེད་སངས་རྒྱས་ངོས་འཇིམ་འགྱུར།། དེ་ལྟར་ཟུང་འཇུག་ལམ་མེད་ན།། མཐའ
iiif viewer powered by OpenSeadragon
6b - 7b