e-texts navigator
Collection
Volume
Page
Wylie

4a1 འཁོར་བ་ཐཾདི་མྱ་ངན་ལས་འདས་བསྒྲལ་ཞིང་སྐུ་དང་ཡེ་ཤེས་སུ་ལ་བཟླ་བའི་ཕྱིར་ཤིན་ཏུ་གཅེས་སྨྲས་ཀྱིས་གཟུང་ཞིང་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་།། འཁོར་རྣམས་ཡིད་རངས་ཏེ་སྟོང་གསལ་ཆེན་པོའི་ངང་དུ
4a2 སངས་རྒྱས་པར་གྱུར་ཏོ།། རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་བཞི་པའོ།། ། རྫོར་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ་རྫོགསོ།། ། རྒྱ་གར་གྱི་སློ་དཔོན་ཤྲི་སིང་ཧ
4a3 པྲ་པ་ཏ་དང་ཀ་ཁོད་ཀྱི་ལོ་ཚ་བ་བེ་ནུབས་ཡང་དག་གཏེར་གྱིས་བསྒྱུར་ཅིང་ཞུས་ཏེ། གཏམ་ལ་ཕབས་པའོ།། རྒྱུད་འདི་ཡང་དབེམ་དུ་མ་ཧཱ་ཀ་ལ་ལ་བཀའ་བསྲུངས་གཏད་དེ།། སྦས་ནས་ཡོན་ཏན་རྒྱ་མཚོ་སྐྱེ་ལ་འདུན་པ་ཅིག་དཔ་འཕྲད་དེ།། བསྟམ་པའི
4a4 སྙིང་པོ་འཇུགས་པར་གྱུར་ཅིག།། རྒྱ་གར་སྐད་དུ། སན་ཏི་མ་ཧཱ་ས་མ་ནྟ་བྷེ་དྲ་བི་ཏ་གུ་ཧྱ་ནཱ་མ་མ་ཏ་མེ་ཏྲ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་ཁར་སྟོན་པ་ཕྱི་མ་གསང་བའི་རྒྱུད་ཅེས་བྱ
4a5 དཔལ་རྡོ་རྗེ་སེམས་དཔལ་ལ་ལ་ཕྱག་འཚལ་ལོ།། དེ་ནས་དཔལ་ཀུན་ཏུ་བཟང་པོས་ཡང་བཀའ་སྩལ་པ།། ཉོན་ཅིག་དཔལ་རྡོ་རྗེ་སེམས་དཔའ།། སྟོང་གསལ་རིག་ལ་ཆོས་སྐུར་རྟོག་པར་འདོད་ན།། དང་པོ་སེམས་འཛིན་བྱས་ལ།།
4a6 དེ་ནས་ལམ་དུ་བླང་བ་ནི།། སྒོམ་ཡོད་ཐབས་ལ་རྟེན་པ་ཞེས་བྱའོ།། སྒོམ་མེད་ཤེས་རབ་ལ་རྟེན་པ་ནི།། དེ་ནས་འདི་རིག་པ་སྟོང་གསལ་དུ་ཤེས་པའོ།། དེ་གཉིས་དབྱེར་མེད་ཅེས་བྱ་བ་ཏེ།། དེ་ལྟ་བུ་ཡ་མ་བྲལ་བར་ཤེས




iiif viewer powered by OpenSeadragon

2b - 4b

Texts on this page

Gbr004.2 - rdzogs pa chen po kun tu bzang po ye shes gsal bar ston pa'i rgyud phyi ma'i phyi ma
Gbr004.3 - rdzogs pa chen po kun tu bzang po ye shes gsal bar ston pa phyi ma gsang ba'i rgyud