e-texts navigator
Collection
Volume
Page
Wylie

2b1 ན་ཞེས་གསུང་སོ། རྒྱུད་ཕྱི་མའི་ཕྱི་མ་ལས།། ལེའུ་གཉིས་པའོ།། །། དེ་ནས་ཡང་ནི་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་སེམས་དཔའ་རྣམས།། སེམས་འཛིན་པའི་དུས་ཉི་དུ།། ཡོམ་ཏན་སྐྱོན་དུ་སྣང་བའི་ཕྱིར།། སྐྱོན་རྣམས
2b2 བཅོས་པ་འདི་ལྟར་བྱ།། རླུང་སྐྱེས་པར་ནི་གྱུར་པ་ལ།། ཤེས་པ་རྒོད་ཅིང་གཉིད་མི་ཕེབ་མ།། དེ་ལ་སྐུ་མཉེ་བཅུད་ཅན་རྟེན།། མཁྲིས་པ་སྐྱེས་པར་གྱུར་པ་ན།། སེར་ལོ་དམར་པོར་སྣང་བ་དང་།། བད་ཀ་ནཽ་སྐྱེས་ན་སྤོ
2b3 འཁྲོག་བྱེད།། དང་ཁ་མི་བདེ་གྱུར་པ་ན།། ཁ་ཟས་བསིལ་བཏང་བཅག་པར་བྱ།། སེམས་འཛིན་པའི་དུས་ཉིད་དུ།། གཡེང་བ་འབྲེལ་བསྐྱུད་ཐག་བཅད་ལ།། བདེ་བའི་བཏན་ལ་འདུག་ནས་ནི།། དྲག་ཏུ་མ་ཡེངས་གཟུང་བར་བྱ།། སེམས
2b4 མ་ཟིན་པའི་བར་དུ་ཡང་།། མཚེམ་མ་ཁ་དོག་སེམས་འཛིན་དང་།། སེམས་ལས་རྒྱུ་འཕྲུལ་བཅད་དེ་སྤང་།། དེ་ནས་སེམས་འཛིན་ལསྟན་པ་དང་།། རིག་པ་སྟོང་གསལ་ལྟ་བ་སྟེ།། དེའི་ངང་ལ་སྒོམ་པར་བྱ།། དེ་ལས་མ་ཡེངས་སྤྱོད་ལ
2b5 ཡིན། དེ་ལས་འབྲས་བུ་སྐུ་དང་ནི།། ཡེ་ཤེས་དག་ཏུ་སྣང་བ་སྟེ།། རང་དྲོན་ཆོས་སྐུར་ནར་སོན་ནས།། འགྲོ་དོན་གཟུཌ་སྐུ་གཉིས་ཀྱིས་བྱེད།། དེ་ནི་ལམ་དུ་བླང་བའི་དོན་ཞེས་གསུངསོ།། རྒྱུད་ཕྱི་མའི་ཕྱི་མ་ལས།། ལེའུ་གསུམ་པའོ
2b6 དེ་ནས་དཔལ་ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུ་དེས།། རྡོ་རྗེ་སེམས་དཔའ་ལ་སྩོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ།། རྒྱུད་འདི་ནི་མ་ཚང་བ་ཁེ་སྐོང་བ་ཕྱི་མའི་ཕྱི་མ་ཞེས་བྱ་བ་ཡིན་ཏེ།།




iiif viewer powered by OpenSeadragon

2a - 4a

Texts on this page

Gbr004.2 - rdzogs pa chen po kun tu bzang po ye shes gsal bar ston pa'i rgyud phyi ma'i phyi ma