| | e-texts navigator
|
17b1 དེ་ནས་ཡང་རྡོ་རྗེ་སེམས་དཔས་གསོལ་པ།། དེ་ལྟར་ལྟ་བའི་དོན་ཉིད་ལ།། སྒོམ་པའི་རིམ་པ་ཇི་ལྟར་གནས་ཅེས་གསོལ་པས།། དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཀྵིཾ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཉིད་ཇི་བཞིན་རྣལ
17b2 མ་ལ་བློ་ཇི་བཞིན་པར་བཞག་སྟེ།། དབང་པོ་རྒྱ་ཡན།། རིག་པ་ཁྱབ་བརྡལ།། ལུས་སེམས་བཅོས་པ་མེད་པར་བཞག་གོ།། དེ་ནས་ཡང་དབང་པོ་ཡུལ་ལ་བསྡུ་མི་བྱ།། ཡུལ་དང་དབང་པོ་མི་དབྱེ་ལྷག་པར་བཞག། ཆོས་ཉིད་ངོ་བོ་ཡི་ཨེ་བཟུང་རང་སྣང
17b3 ངོ་བོར་བཞག། མཉམ་བཞག་ཡེངས་ལ་བཙལ་ཞིང་རྗེས་ཕོག་ད་ལྟར་བཙའ་ཞེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིམ་པོ་ཆེ་སྤུངས་ལ་གས་ཁ་མན་ངག་གི་རྒྱུད་ལས།། མཉམ་བཞག་སྒོམ་པའི་ལེའུ་སྟེ། བཅུ་གཉིས་པའོ།། །
17b4 དེ་ནས་ཡང་དཔལ་རྡོ་རྗེ་སེམས་དཔས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་འདས།། དེ་ལྟར་ལྟ་སྒོམ་གསུངས་པ་ལ།། སྤྱོད་པའི་རིམ་པ་ཇི་ལྟར་ལགས།། ཅེས་གསོལ་ལས།། དཔལ་ཀུན་ཏུ་བཟང་པོས་བཀའ
17b5 སྩལ་པ།། བྷྲཱུཾ་སེམས་དཔལ་ཆེན་པོ་ཉོན་ཅིག། སྤྱོད་པའི་དོན་མི་སེམས་ཉིད་མ་བཅོས་པ།། རྣལ་མར་བཞག་པའོ།། དུས་གསུམ་གྱི་སངས་རྒྱས་པདི་ཇི་བཞིན་པ་ལ།། མ་བཅོས་ཏེ།། བཅོས་མ་མཛད།། བཅོས་པ་མཛད་པ་མི་འགྱུརཏེ།
17b6 དེ་བས་མ་སེམས་དཔའ་ཆེན་པོ།། ཆུ་མ་རྙོགས་ན་དངོས།། སེམས་མ་བཅོས་ནགས་ལ།། ལམ་མ་བགྲོད་ན་ཉེ།། འབྲས་བུ་མ་དམིགས་མ་ཐོབ།། རང་ལུགས་སུ་མ་བཅོས་པ་དེ་ཉིད་ཀྱི་ངང་དུ་མ་ཡེངས་པར་གནས་ཤིང་སྤྱད་པ་བྱའོ།། དེ་ལ་སྙིང་རྗེ་ཆེན
iiif viewer powered by OpenSeadragon
17a - 18a