e-texts navigator
Collection
Volume
Page
Wylie

17a1 ཆོས་ཉིད་དོན་གྱི་ངོ་བོ་དེ།། ཇི་ལྟར་སྟོང་ཞིང་གནས་པའི་ལུགས།། ཉིད་ཀྱི་བདག་ལ་བསྙན་དུ་གསོལ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།། ཀྱཻ་སེམས་དཔའ་ཆེན་པོ་ཉོམ་ཅིག
17a2 ཆོས་ཉིད་དོན་གྱི་ངོ་བོ་དང་།། བློས་བཏག་ཆོས་ཀྱི་སྟོང་པ་ལྔ།། རང་སྣང་ངོ་བོས་སྟོང་མ་མྱོང་།། ཆོས་ཉིད་རང་གི་ངོ་བོ་དེ།། སྟོང་དང་མི་སྟོང་གཉིས་སུ་མེད།། ཕྱོགས་ཅིག་སྤངས་པའི་སྟོང་པ་དང་།། ཕྱོགས་བྲལ་སྟོང
17a3 པ་ཆེན་པོ་གཉིས།། སྟོང་པའི་མིང་དུ་འདྲ་མོད་ཀྱང་།། མི་མཐུན་ཁྱད་པར་ཤིན་ཏུ་ཆེ།། མ་རིག་པ་དང་ཡེ་ཤེས་གཉིས།། ཀུན་གཞི་སེམས་ཀྱི་ངོ་བོ་ལ།། གང་དུ་ངེས་པ་མེད་པ་ལ།། རྐྱེན་གྱི་སོ་སོར་བསླད་ནས་ནི།། མ་རིག
17a4 ཡེ་ཤེས་གཉིས་ཀྱི་ཚུལ།། ཆོས་ཉིད་རང་གི་ངོ་བོ་ལ།། མ་རིག་ཡེ་ཤེས་གཉིས་སུ་མེད།། ཆོས་སྐུ་ཐིག་ལེ་ཉ་གཅིག་གིས།། ཡ་བ་རྒྱལ་བའི་དཀྱིལ་འཁོར་ནས།། མ་མཐའ་མ་ནར་མེད་སེམས་ཅམལ།། ཏིལ་ལ་མར་གྱི་ཁྱམ་བ།
17a5 ཀུན་ལ་ཁྱབ་པར་གནས་མོད་ཀྱང་།། མི་མཐུན་ཁྱད་ལར་ཤིན་ཏུ་ཆེ།། སངས་རྒྱས་དབུས་ན་བཞུགས་ཙམ་ན།། དྲི་མེད་ཆོས་ཀྱི་སྐུ་རུ་བཞུགས།། མིང་ཡང་ཆོས་ཉིད་བྱང་ཆུབ་སེམས།། ཡོད་ཀྱང་རང་གིས་མ་མཐོང་ལས། དབུལ་མོའི་གཏེར
17a6 དང་གྱང་ནོར་འདྲ།། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིམ་པོ་ཆེ་སྲུངས་པ་གསང་བམ་མ་ངག་གི་རྒྱུད་ལས།། ལྟ་བའི་གནས་ཚུལ་བསྐམ་པའི་ལེའུ་སྟེ། བཅུ་གཅིག་པའོ།།




iiif viewer powered by OpenSeadragon

16b - 17b

Texts on this page

Gbr004.8 - rdzogs pa chen po byang chub kyi sems rin po che spungs pa gsang ba man ngag gi rgyud