e-texts navigator
Collection
Volume
Page
Wylie

16b1 སྣང་ལ་ཡིན།། རང་བཞིམ་ཅིག་ཏུ་མ་ངེས་ལས།། ལྟ་བ་ངོས་བཟུང་མེད་པ་ཡིན།། དེ་ལྟ་བུ་ནི་རང་བྱུང་བའི།། ཡེ་ཤེས་ཆེན་པོ་ཞེས་ཀྱང་བྱ།། རྒྱུ་རྐྱེན་མེད་པས་རང་བྱུང་ཡིན།། སྒྲིབ་གཡོགས་མེད་པས་ཡེ་ཤེས་ཡིན།། རྩོལ་སྒྲུབ
16b2 མེད་ལས་བྱ་རྩ་ཁ་འདས།། དེ་ལྟར་རྟོགས་མ་སྒྲིབ་མེད་པས།། གོ་ལ་སྒྲིབ་མཁའ་ལས་འདས་པ་ཡིན།། ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤུངས་པ་མན་ངག་གི་རྒྱུད་ལས།། རྫོགས་པ་ཆེན་པོ་ལྟ་བ་ངོས་སུ་བསྟན་པའི
16b3 ལེའུ་སྟེ། དགུ་པའོ།། །། དེ་ནས་ཡང་ནི་ངེས་གསུངས་པ།། སེམས་དཔའ་ཆེམ་པོ་གུས་པས་ཉོན།། ཐེག་བརྒྱད་བལྟ་བ་ས་འདྲེས་པས།། རྫོགས་ཆེན་དོན་གྱི་ཡེ་ཤེས་ལ།། དེ་ཉིད་མ་འདྲེས
16b4 ཡོངས་སུ་རྫོགས།། བློས་བཏགས་ཆོས་ནི་ཀུན་བྲལ་བས།། རང་སྣང་ངོ་བོ་ཇི་མ་སྤངས།། འདི། ཡིན་གང་དུ་རྒྱ་མ་ཆད།། གང་གི་ཕྱོགསུམ་ལྒང་བའི།། འདི་ལྟར་ཡིན་ཚུལ་ངེས་མེད་པས།། མི་མཐུན་པས་མདོ་མོ་སོ་ལ།།
16b5 སྣང་ཚུལ་ར་ཡང་སྣང་བའི་ཚུལ།། རང་བཞིན་འདི་ལྟར་མ་ངེས་པ།། ངོས་བཟུང་མེད་ལྔའི་དོན་ཉིད་དོ།། དེ་ལྟར་རྟོགས་པའི་ལྟ་བ་ནི།། སྒྲིབ་མེདེ་ལྟ་བ་དམ་པའོ།། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན
16b6 པོ་ཆེ་སྤུངས་པ་གསང་ལམ་མངག་གི་རྒྱུད་ལས།། ལྟ་བ་དོན་ཉིད་རྒྱས་པར་བཤད་པའི་ལེའུ་སྟེ། བཅུ་པའོ།། ། དེ་ནས་ཡང་རྡོ་རྗེ་སེམས་དཔས་གསོལ་པ།། ཀྱཻ་བཅོམ་ལྡན་དཔལ་གསང་ཆེན་བདག།




iiif viewer powered by OpenSeadragon

16a - 17a

Texts on this page

Gbr004.8 - rdzogs pa chen po byang chub kyi sems rin po che spungs pa gsang ba man ngag gi rgyud