e-texts navigator
Collection
Volume
Page
Wylie

13b1 ཆོས་ཉིད་དོམ་གྱི་ངོ་བོ་དེ།། ཚིག་དང་ཡི་གེ་ལས་འདས་ཤིང་།། བརྗོད་ཅིང་བསྟན་དུ་མི་གཏུབ་ཀྱང་།། འཐུན་པའི་ཚིག་གིས་མ་མཚོན་ན།། དོན་གྱི་ངོ་བོ་རྟོགས་མི་འགྱུར།། དེ་ཕྱིར་ཆོས་རྣམས་བརྡར་བསྟན་གྱི།། དཔེར་མ་མེ་ཉིད་འདོད་པས་ཀྱང་།། མེ
13b2 དོདཚིག་ཏུ་མ་བརྗོད་ན།། མེ་དང་ཕྲད་པ་ཤིན་ཏུ་དཀའ།། མེ་འདོད་ཚིག་ཏུ་བརྗོད་པ་ནི།། མེ་དང་ཕྲད་པ་འགྱུར་པ་བཞིན།། དེ་ལྟར་ཆོས་ཉིད་རྟོམ་འདོད་པས།། རང་བཞིམ་མེད་པའི་ཆོས་ཉིད་ལ།། རང་བཞིན་མེད་པས་མཚོམ་ཏེ་བསྟན།། བརྗོད་དུ
13b3 མེད་པའི་ཆོས་ཉིད་ལྔ།། བརྗོད་མེད་ཚིག་གིས་མཚོན་ཏེ་བསྟན།། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིམ་པོ་ཆེ་སྦྱངས་པ་མ་མངག་གི་རྒྱུད་ལས།། གླེང་བཞི་དང་གླེང་བླང་བའི་ལེའུ་སྟེ། དང་པོའོ།། །།
13b4 དེ་ནས་དཔལ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་པ།། ཀྱཻ་བཅོམ་ལྡན་འདས་དཔལ་གསང་བའི་བདག་ཉིད་ཀུན་བཟང་ཆོས་ཀྱི་སྐུ།། ཆོས་ཉིད་དོན་གྱི་ངོ་བོ་དེ།། དེ་དོམ་རིམ་པར་བཤད་དུ་གསོལ།། ཅེས་གསོལ་པས།། བཅོམ་ལྡན་འདས་དཔའ
13b5 ཀུམ་ཏུ་བཟང་པོས་བཀའ་སྩལ་པ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན།། གཞི་ལམ་འབྲས་བུ་གསུམ་དུ་སྣང་།། གཞི་ཉིད་དུས་ནའང་སྐུ་གསུམ་ཉིད།། ལམ་ཡང་སྐུ་གསུམ་ཉིད་དུ་ཤར།། འབྲས་བུ་རང་སྣང་སྐུ་གསུ
13b6 སྣང་སྲུང་གསུམ་ཉིད་ཀྱི་ཆོས་གསུངས་ལ།། ཆོས་སྐུས་བྱིམ་གྱིས་བརླབས་ཀྱིས་བཤད།། ལོངས་སྐུ་རང་གི་ངོ་བོས་བཤད།། སྦྲུལ་སྐུ་ཚིག་སྡེབས་སྦྱོར་ལེགས་བཤད།། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་བྱང་ཆུབ་སེམས་རིན་པོ་ཆེ་སྤུངས




iiif viewer powered by OpenSeadragon

13a - 14a

Texts on this page

Gbr004.8 - rdzogs pa chen po byang chub kyi sems rin po che spungs pa gsang ba man ngag gi rgyud