| | e-texts navigator
|
13a1 །། ལྷུན་གྲུབ་བདེ་བ་ཆེན་པོ་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་ཅིག་ན།། འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕྲོང་།། ཡུམ་གྱི་མཁའ་གློང་ཡ་པའི་གནས་རྒྱ་ཡོངསུ་མ་ཆད་ལར་བདལ་ལ་ན།
13a2 བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་གསང་བ་མཆོག་གི་བདག་པོ་ཉིད།། རིགས་ལྔའི་སངས་རྒྱས་ལ་སྩོགས་པ་། སངས་རྒྱས་དང་སེམས་ཅན་འབྱེད་པ་མེད་པའི་འཁོར་གྱིས་བསྐོར་ཏེ།། བྱང་ཆུབ་སེམས་རང་བྱུང་གི་ཡེ་ཤེས་ཀྱི་དོན་ལ་གནས་ཤིང་།། དུས
13a3 གསུམ་ཇི་བཞིན་པ་ཉིད་དུ་བཞུག་སོ།། དེ་ནས་དཔལ་རྡོ་རྗེ་སེམས་དཔལ་ལ་སྩོགས་པ་འདུས་པའི་འཁོར་རྣམས།། དད་པའི་སེམས་ཀྱིས་བཏུད་ནས་འཛུམ་པའི་མདངས་ཕྱུང་སྟེ།། བཅོམ་ལྡན་འདས་ཀྱི་དྲུང་དུ་མི་ཡང་མི་སྨྲ་བར་འཁོད་པར་གྱུར་ཏོ།།
13a4 དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས།། དེ་དག་འཁོད་པར་མཁྱེན་ནས་བཀའ་སྩལ་པ།། ཀྵུཾ་སེམས་དཔའ་ཆེན་པོ་ཉོན་ཅིག། ཁྱེད་ལ་སོགས་པའི་འཁོར་རྣམས་ཀུན།། དད་པའི་སེམས་ཀྱི་རབ་བཏུད་ཅིང་།། འཛུམ་པའི་མདངས་ཀྱི
13a5 འཁོང་པ་དེ།། འདོད་པའི་དོན་མི་དྲིས་གསོལ་ཅིག། ཅེས་བཀའ་སྩལ་ཏོ།། དེ་ནས་དཔལ་རྡོ་རྗེ་སེམས་དཔས་འཁོར་གྱི་ནང་ནས་ལངས་ཏེ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྵེ་ཀྱེ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་ངོ་།།
13a6 གསང་པོའི་བདག་པོ་ཡིས་སྐུ།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་ཞུས་པས།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་ལ།། བྷྲཱུཾ་སེམས་དཔའ་ཆེན་པོ་ཁྱེད་རྣཾས་ལྀཊ་པ
iiif viewer powered by OpenSeadragon
12b - 13b