| | e-texts navigator
|
11b1 དང་། རྡོ་རྗེ་སེམས་དཔས་བཅོམ་ལྡན་འདས་ལ་བསྟོད་པ་དང་མཆོད་པ་བྱས་ཏེ། བདག་གིས་རྒྱུད་འདི་ཇི་ལྟར་གཟུང་པར་གྱི་ཞེས་གསོལ་པས།། རྒྱུད་འདི་ནི་བར་དོ་གསང་བའི་རྒྱུད་ཞེས་བྱ་བའི་གཟུང་བར་བྱའོ།། རྒྱུད་འདི་ནི་མ་འོངས
11b2 པའི་དུས་སུ།། རྣལ་འབྱོར་པ་དམ་ལ་གནས་པ་རྣམས་ཀྱི་གཟུང་བར་བྱ།། བཅང་བར་བྱ།། འདྲིས་པར་བྱ། བལྟ་བར་བྱ། ཉམ་སུ་བླང་བར་བྱ། སྦྱང་བར་བྱ། དམ་མེད་ལ་བྱིན་ན་རང་གི་ཉམས་འགྲིག་པས། སྦ་བར་བྱའོ།།
11b3 ཞེས་དཀལ་སྩལ་པ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་རྗེས་སུ་ཡི་རང་བར་གྱུར་རོ།། རྒྱུད་གཟུང་ལའི་ལེའུ་སྟེ། ལྔ་པའོ།། ། རྫོགས་པ་ཆེན་པོ་བར་དོ་གསང་བའི་རྒྱུད་ཞེས་བྱ་བ་རྫོགས་སྷོ།། །།
11b4 གུ་རུ་ཤྲཱི་སི་པ་ཧ་བ་ཏས་རྡོ་རྗེ་ཡང་དབང་གཏེར་ལ་དུ་ཁྲོད་གསང་ལུང་དུ་གནང་བའོ།། ། རྒྱ་གར་སྐད་དུ། བར་དོ་གྷུ་ཧྱ་ཏ་མ་ཏྲ་ནཱ་མ།། བོད་སྐད་དུ། བར་དོ་གསང་ལ་ཕྱེ་མའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེ
11b5 དཔའ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཁ་རྡོ་རྗེ་སེམས་དཔས་གསོལ་པ།། བཅོམ་ལྡན་འདས་རྡོ་རྗེ་ཀུན་ཀུམ་ཏུ་བཟ་ཀ། བར་དོ་ལ་སོགས་གསུངས་པ་ཡིས།། རྣལ་འབྱོར་པ་ཉིད་སངས་རྒྱས་པའི
11b6 དུས་སྐྱའི། རིམ་པ་བཤད་དུ་གསོལ།། ཅེས་ཞུས་པས།། རྒྱལ་ལ་ཀུན་ཏུ་བཟང་པོས་བཀལ་སྤྲུལ་ལ།། རྡོ་རྗེ་སེམས་དཔལ་ཉོན་ཅིག། སྠི་ར་གང་ཟག་རྣལ་འབྱོར་པ་ཉིད་སངས་རྒྱབ་ལ་དུས་རྣམས་ལ་ག་སུཾ་སྟེ།། ཚེ་འདི་ལས་ངྱས་པ་ལ་ལུས
iiif viewer powered by OpenSeadragon
11a - 12a