e-texts navigator
Collection
Volume
Page
Wylie

10b1 བསྲུང་བྱེད་འབྲུ་ཡིས་སྐྱེ་མཆེད་དགག། མ་ཡེངས་ཚངས་བུག་དག་ནས་འཕོ།། ཕྱི་ནང་གསང་བའི་འཆི་རྟགས་ཀུན།། བྱུང་བ.རེ་ངེས་ན་འཕོ་བ་ལ།། ཀུན་ཏུ་ཡང་ནི་བྱ་བ་མིན།། དེ་ནི་རྩོལ་བཅས་འཕྲོ་བ་ཡིན།། རྩོལ་མེད་འཕོན་འདི་ལྟར་བྱ།། སྔར
10b2 ནས་གོམས་ལ་ཤིན་ཏུ་གཅེས།། དེའི་ངང་ལ་སྟོང་གསལ་དུ།། དང་གིས་བཞག་ན་འཕོ་བ་ཡིན།། དབུགས་ཆད་གྱུར་ན་དེ་དང་ཕྲད།། སྲུན་པ་ལྟ་བུར་འོང་པ་ཡིན།། དྲན་པ་དེ་ནི་སྐྱེལ་མ་ཡིན།། དེ་ལ་སྐྱེ་མཆེད་དགག་མི་དགོས།།
10b3 རྩོལ་བ་བྲལ་ཁས་རྩོལ་མེད་ཡིན།། ཡི་ད་ལྷ་དང་ཞིང་ཁམས་སུ།། དྲན་པ་རང་གིས་འགྲོ་བ་ན།། དྲན་པ་སངས་རྒྱས་ཞེས་སུ་བཞེད།། དེ་ལ་འཕོ་བའི་ཐ་སྙད་མེད།། འཕོ་ལ་གནད་ཀྱི་ལེའུ་སྟེ། གསུམ་པའོ།། །
10b4 དེ་ནས་ཡང་བཱཀལ་སྩལ་པ།། སྲིད་པ་ཡི་ནི་ཁར་དོ་རུ།། མུན་པར་མར་མེ་བཏེགས་པ་ལྟར།། སྟོང་གསལ་ཟིལ་པས་མངས་ཤེས་འཆར།། སྟོང་གས་ལ་ཡེ་ཤེས་དང་དུ་གནས།། དེ་ལ་གཊུཊ་སྐས་འགྲོ་དོན་བྱེད།། དེ་ལ་ད་ལྟ་བསྐྱེད
10b5 རིམ་ལ།། བློ་ཡིས་སྤྱད་པ་ཤིན་ཏུ་གཅེས།། རྒྱུ་མེད་སངས་རྒྱས་འབྱུང་མི་འགྱུར།། བར་དོ་ཡེ་ཤེས་མ་ཟིན་ན།། ཞག་ནི་འདུན་ཕྲག་འདུན་བཱར་དུ།། མངོན་འབྱུང་སྲིད་པའི་ཤ་ཚུགས་པན།། དབང་པོ་ཀུན་ཚད་ཐོག་མེད་ལྡན།། དེ་ལྟ་བུ
10b6 གནས་པ་ལྔ།། དུས་ལ་དཔག་ཏུ་མེད་པ་ཡོད།། དེ་དུས་སྐྱབས་ཚལ་དྲན་པ་འབྱུང་།། ལྷ་དང་བླ་མ་སྐྱབསུ་སོང་།། ད་ལྟ་གསང་མཚན་རྟ། ནས་ནི།། དབང་བསྐུར་ལ་མི་བྱས་དེར་དྲན་ཏེ།། སྐྱབས་སུ་དེ་ཉིད་འོང་བ་ཡིན།། བླ་མ་དང་མི་དགོདྲ་ལྡན་པས།




iiif viewer powered by OpenSeadragon

10a - 11a

Texts on this page

Gbr004.6 - rdzogs pa chen po bar do gsang ba'i rgyud