e-texts navigator
Collection
Volume
Page
Wylie

9b1 དང་ཐོགས་པ་མེད། ལུས་ཡོད་མི་ཚོར་སྐམ་བྱེད་བྲལ།། སྤྱོད་ཡུལ་གང་ལ་འཛིན་པ་མེད་པའོ།། ཐུག་ཕྲད་གོམས་རྟོགས་ངོ་ཤེས་ན།། ཕྱི་ནང་གསང་བའི་རྟགས་གསུམ་འབྱུང་།། གང་ལ་ཞུམ་མེད་སྦྱངས་མེད་དང་།། གཙང་རྨ་བླང་དོར་སྤོང་ལེན་མེད།།
9b2 ཅེར་མཐོང་ཐུགས་ཕྲད་ཡིས་འཆར།། ཙོག་བཞག་ཀློང་གྱུར་མི་རྩོལ་རྟགས།། ཕྱི་དང་ནང་དང་གསང་བ་གསུམ།། རྩོལ་བ་ཆུང་དང་ཁོང་ཁྲོ་མེད།། ལུས་སེམས་རང་ལུགས་སྤྱོད་ཡུལ་གསལ།། ཚོལ་བ་རྗེས་མེད་རྩད་ཆོད་རྟགས།། ཕྱི་ནང་གསང
9b3 བ་གསུམ་དུ་འཆར།། རྩོལ་བ་ཆུང་དང་ཞེན་ཆགས་ལོག། སྒོ་གསུམ་ལས་ལ་རྗེས་མེད་འཆར།། དམིགས་པ་རྗེས་མེད་མ་ཐིལ་ཕེབས་ལྟར།། ཕྱི་ནང་གསང་བ་གསུམ་དུ་འབྱུང་།། གང་ལ་ཐིས་མི་འཛུགས་པ་དང་།། སེམས་ལ་གཏད་སོ་མ་རྙེད་ཅིང་།།
9b4 དབྱེར་མེད་གཟུང་འཛིན་མེད་པར་འཆར།། གཏོད་ཕུར་དམིགས་པ་བརྟན་ཐོབ་རྟགས།། ཕྱི་ནང་གསང་བ་གསུམ་དུ་འཆར།། མེ་ཆུ་རླུང་དང་ཁ་དོག་ལྔ།། གཡོ་དང་འཕྱར་དང་ཡང་བ་དང་།། སྟན་ལ་མི་མ་སྒྲ་མི་ཚོར།། གཉིད་ཆོམས་ཤིག་ནི
9b5 མི་ཚོར་དང་།། ཡང་མར་དབུགས་རྒྱུ་མི་ཚོར་དང་།། སྤྱོད་ཡུལ་སྒྱུ་བ་ལྟ་བུར་གསལ།། མཉམ་བཞག་རྗེས་ཐོབ་མེད་པ་དང་།། ཚིག་ཚད་དག་ཏུ་དང་གིས་འཆར།། ཅེས་གསུངས་སོ།། ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད
9b6 ལལས། དྲོད་རྟགས་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའི།། ། དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས།། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ།




iiif viewer powered by OpenSeadragon

9a - 10a

Texts on this page

Gbr004.27 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud