e-texts navigator
Collection
Volume
Page
Wylie

9a1 ཁྱི་ཀུན་ན་མཁའི་བྱ་ལམ་དང་།། ཆུ་ལ་རལ་གྲི་བཏབ་ལྟར་སྣང་།། དམིགས་པ་རྗེས་མེད་དག་དང་གསུམ།། ནང་དང་ཕྱི་དང་གཉིས་སུ་མེད།། མ་འདྲིས་ཁང་སྟོང་མིག་ནད་ཅན།། ཆུ་ལ་ཆུ་ཐི་མ་ལྟ་བུར་སྣང་།
9a2 གཏོད་ཕུར་དག་ཀྱང་རྣམ་གསུམ་སྟེ།། དོན་ཡོད་གང་གསལ་ཞེན་པ་མེད།། བུམ་པ་བདུད་རྩི་བུ་ཆུང་གཟུགས།། ཁྱུད་ཕྲག་བཤོག་རྫོགས་ལྟོ་བུར་སྣང་།། སྣང་སྲིད་འཁོར་འདས་ལམ་པའི་མཆོག། ཟབ་མོའི་གདམས་ངག་ཇི་སྙེད་པ།།
9a3 འདི་རུ་མ་འདུས་གང་ཡང་མེད།། ཅེས་གསུངས་སོ།། ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས།། དཔྱ་ཐབས་འཁོར་ལོའི་མན་ངག་རྒྱ་ཆེམ་གྲུབ་པའི་ལེའུ་སྟེ་བཅུ་པའོ།།
9a4 དེ་ནས་རང་སར་གྲོལ་བའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས།། རྡོ་རྗེ་སེམས་དཔའ་ལུ་བཀའ་སྩལ་བ།། རིག་པའི་རྒལ་སྦྱོང་རྣལ་འབྱོར་པས།། དྲོད་རྟགས་མཐར་ཕྱིན་འདི་ལྟར་འབྱུང་།། ཕྱི་དང་ནང་དང་གས་བ་གསུམ།། འོད་དང
9a5 ཉི་ཤར་ཤེས་པ་འཕྱོ།། ཕྱོགས་རིས་མེད་དང་འདོད་པ་ཆུང་།། འབྲས་བུ་དག་ལ་མཱི་རེ་ཞིང་།། གཱ་ཡཱང་ས་བདུད་ལ་ཉམ་ང་མེད།། རིག་པའི་ཆོ་འཕྲུལ་རྟག་ཏུ་འཚང་།། གབ་པ་མངོན་ཕྱུང་མཐར་ཕྱིནྡ་རྟགསོ།། ཕྱི་ནང་གསང་དུ་གསུམ་དུ་འབྱུང་།།
9a6 ནམཁའི་མཐོངས་ཕྱེ་སྙིང་རྗེ་ཚེ།། ཆགས་མེད་བླ་མ་མཆེད་གྲོགས་གདུང་།། དམ་ཚིག་ལ་གནས་ཞེ་རིང་མེད།། སྤྱོད་ཡུལ་གང་ལའང་ཞེན་འདོད་མེད།། ཡིས་ཟང་ཐལ་མཐར་ཕྱིན་རྟགས།། ཕྱི་ནང་གསང་བ་གསུམ་ཉིད་དེ།། ན་མཁའ་འགྲོ




iiif viewer powered by OpenSeadragon

8b - 9b

Texts on this page

Gbr004.27 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud