e-texts navigator
Collection
Volume
Page
Wylie

8b1 དང་བརྟགས་པས་ཤེས།། བསྒོམས་པས་ཤེས་དང་ཤར་བས་ཤེས།། བཤུར་བས་ཤེས་དང་ལོག་ནོན་ཤེས།། ཐུན་མོང་ཐབས་ཀྱི་མན་ངག་དྲུག། མང་པོར་སྒོམ་དང་རང་ཉིད་བསྒོམ།། མཚན་མ་ཅན་ལ་བརྟེན་ནས་ནི།། མཚན་མད་ཡིས་ཤུགས
8b2 ལ་སྐྱེ།། ཟག་བཅས་དག་ལ་བརྟེན་ནས་ནི།། ཟག་མེད་བདེ་ཆེན་ཤུགས་ལ་འཆར།། ཅེས་གསུངསོ།། ཀུན་ཏུ་བཟང་པོ་རིག་པ་རང་གི་ས་རྩལ་ཤར་བའི་རྒྱུད་ལས།། གཏོང་བུར་གྱི་ལེའུ་སྟེ། དགུའོ།།
8b3 དེ་ནས་བཅོམ་ལྡམ་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོས།། རྡོ་རྗེ་སེཾདའ་ལ་བཀའ་སྩལ་པ།། རིག་པའི་རྩལ་ནི་རྣམ་གསུམ་ཏེ།། དབྱེ་ཐབས་འཁོར་ལོའི་དོན་བསྟན་པ།། རང་བྱུང་རྟགས་སྣང་གཉིས་མེད་གསུམ།། མཁའ་ལ་ཉི་ཤར་བྱ་བྱེད་སྤྲེའུ
8b4 ཆུ་དང་འོ་མ་འདྲེས་ལྟར་སྣང་།། གབ་པ་མངོན་ཕྱུང་རྣམ་གསུམ་སྟེ།། རང་གནས་མ་ཤེས་ཡུལ་གྱིས་བསྒྲིབས།། གཉི་སུ་མེད་དང་རྣམ་གསུམ་པོ།། རྒུན་ལོང་མིག་ཕྱེ་མེ་ལོང་དང་།། རིན་ཆེན་འདམ་ནས་ཐོན་ལྟར་སྣང་།། ཆོས་ཉིད་ཟང་ཐལ
8b5 རྣམ་གསུམ་སྟེ།། རང་བཞིན་གསལ་དང་གཉིས་མེད་གསུམ།། ལྷོ་སྤྱུགས་གླང་ཆེན་མིན་ཤེལ་འདྲ།། ཆོས་ཉིད་ཐུག་ཕྲད་གསུམ་ཉིད་དེ།། རབ་བྱུང་རྐྱེན་དང་གཉིས་མེད་གསུམ།། རིན་ཆེན་གསེར་གླིང་ངོ་ཤེས་མི།། རལ་གྲི་ཁ་མདས་ལྷ
8b6 བུར་སྣང་།། ཅོག་བཞག་རྣམ་གསུམ་ཉིད་ཡིན་ཏེ།། གནས་ལུགས་འབྲས་བུ་ལམ་དང་གསུམ།། ནམམཁའ་དང་ནི་རྒྱ་མཚོ་དང་།། བྱ་བ་བཏང་བའི་སྐྱེས་བུ་སྟར།། ཚོལ་བ་རྗེས་མེད་རྣམ་གསུམ་སྟེ།། ནང་དང་ཕྱི་དང་གཉིས་སུ་མེད




iiif viewer powered by OpenSeadragon

8a - 9a

Texts on this page

Gbr004.27 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud