e-texts navigator
Collection
Volume
Page
Wylie

7b1 ཀུན་ཏུ་བཟང་བས་རྡོ་རྗེ་སེམས་དཔའ་ས་འདི་སྐད་ཅེས་བཀའ་སྩས་པ།། ཉོན་ཅིག་སེམས་དཔའ་ཇོ་ཁྱོད།། དབང་པོ་ཡང་དབདོ་རྫོགས་ནས།། འབྲིང་ལ་དམན་པའི་དོན་བཤད་ཉོན།། ཆོས་སྐུ་ཉ་། དངོས་མཚན་མེད།། དངོས་མེད
7b2 ཆོས་རྒྱུ་ཚོལ་འདོད་ན།། དབང་ན་གྲོང་དྷཱའི་ཁྱི་རྐུན་བཞིན།། ཅང་མེད་དངས་སྟོང་བཙལ་གྱུར་ཀྱང་།། འདོད་པ་མ་རྙེད་སུན་འབྱིན་ནུས།། ཞེན་ལོག་སྤང་ལ་ཞལ་བལྟར།། རྣལ་འབྱོར་རང་རིག་ཅིར་སྐྱེས་ལ།། དབང་པོ་མི་དགག་རང
7b3 ལྷ། ཅི་རེ་སྣང་རྟགས་ཤིང་བདག་པོ་ལྟ།། གཟུང་འཛིན་གང་སྐྱེས་རྩ་བ་མེད།། ནང་དུ་བལྟ་ཞིང་ལྟ་མཁན་བཙལ།། བཙལ་བས་ཅི་ཡང་མ་རྙེད་ཀྱང་།། གང་དུ་མ་མཐོང་མེད་མ་ཐོགས།། རྗེས་མེད་ན་མཁའི་བྱ་ལམ་འདྲ།། སྣང
7b4 མེད་རང་བྱུང་ན་མཁའ་འདྲ།། དེ་ལ་གནས་པ་འབྲས་བུའི་མཆོག། ཅེས་གསུངས་སོ།། ཀུན་ཏུ་བཟང་པོ་རིག་པ་རང་གིས་རྩལ་ཤར་བའི་རྒྱུད་ལས།། ཚོལ་བ་རྗེས་མེད་ཀྱི་ལེའུ་སྟེ་བདུན་པའོ།། @
7b5 དེ་ནས་རིག་པའི་རྒྱལ་པོ་ཀུན་ཏུ་བཟུང་པོ་དེས།། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ།། ཆོས་སྐུ་ཡེ་ནས་དམིགས་རྟེན་མེད།། དམིག་སུ་མེད་པའི་དོན་འདོད་ན།། དཔེ་ན་མིག་ནད་ཅན་དག་གིས།། གང་ཡང་རུང་བའི་དངོས
7b6 པོ་ལ། རྒྱངས་མིག་བལྟས་ཤིང་ཡིན་མེན་བརྟགས།། བརྟགས་པའི་རྗེས་ལ་དམིགས་པ་འཆུབས།། གང་མཐོང་མ་ཤེས་ལྡོངས་པ་སྟེར།། རྣལ་འབྱོར་སྐྱེས་བུ་གང་ཞིག་གིས།། རྫས་ཀྱི་རྣམ་པ་གང་རུང་ལ།། འབྲི་ཚུགས




iiif viewer powered by OpenSeadragon

7a - 8a

Texts on this page

Gbr004.27 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud