e-texts navigator
Collection
Volume
Page
Wylie

7a1 དུ་སྐད་ཅིག་ཙམ་ཡང་མེད།། ཐིག་ལེ་ཐུག་ཕྲད་ཆོས་ཀྱི་སྐུ།། རང་བཞིན་མི་འགྱུར་ཀ་དག་པའི།། སྤང་བྱ་སློང་བྱེད་གཉི་སུ་མེད།། འབྲས་བུ་ཀུན་བཟངས་གཏན་ཚིགས་ཡིན།། ཅེས་གསུངས་སོ།། ཀུན་ཏུ་བཟང་པོ་རིག
7a2 པ་རང་གི་རྩལ་ཤྭར་བའི་རྒྱུད་ལས།། ཆོས་ཉིད་ཐུགས་ཕྲད་ཀྱི་ལེའུ་སྟེ། ལྔ་པའོ།། ། དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས།། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་སྐུ
7a3 སྩལ་ཏོ།། བདེ་ཆེན་ལྷུན་གྲུབ་བཅོག་བཞག་ལམ།། རྩོལ་མེད་རིག་པ་བསམ་དང་བྲལ།། གཟུང་འཛིན་གཉེན་པོ་རང་སར་བཞག། མཉམ་ཉིད་ཡིས་འབྲས་བུ་མཆོག། ཅོག་བཞག་ཆེན་པོའི་དྲུང་དུ་བཞུག། དཔེར་ན་རྒྱ་མཚོ
7a4 དངས་པ་ལ།། གདོས་པ་མེད་པར་སླང་སྲིད་གསལ།། རྒྱོར་རང་རིག་ཅིར་གསལ་ལས།། མིང་དང་གདམས་བཞི་གང་ཡང་མེད།། གདགས་བཞི་བྲལ་བ་དོན་གྱི་མཆོག། མཉམ་ཉིད་རང་གསལ་རིག་པའི་གླེང་།། སྣང་བ་ཉིད་ན
7a5 གྲུབ་པ་མེད།། རང་རིག་སྟོང་ཉིད་མི་གཡོ་བྱ།། དེ་ལ་མཱ~ཾ་རྩོལ་རྣལ་འབྱོར་མཆོག། དབང་པོའི་ངོ་ལ་གང་སྣང་བ།། མི་རྟོག་ཅེར་གསལ་གདགས་གཞི་བྲལ།། སྣང་མེད་མི་དགག་ཅིར་མི་དགོངས།། གཉེན་པོ་མེད་པས་འབད་རྩོལ
7a6 བྲལ་ཅེས་གསུང་སོ།། ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས།། མཉམ་ཉིད་ཆོ་ག་བཞིག་གིས་ལེའུ་སྟེ། དྲུག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་རིག་པའི་རྒྱལ་པོ




iiif viewer powered by OpenSeadragon

6b - 7b

Texts on this page

Gbr004.27 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud