| | e-texts navigator
|
6b1 བཏགས་འབྲོས་བཏང་ན་རང་ལོག་ལྟར།། རྒྱོར་ཤེས་པ་ཡ་ན་བཏང་ན།། མ་བཙལ་རང་ལུགས་གན་སུ་བསྡོག། རང་བྱུང་མི་འགགས་བརྩལ་དུ་ཁྱེར།། གང་མ་ཆགས་ཐོགས་པ་མེད།། རང་ཤར་ཆེན་པོའི་བལྟ་བ་ལ།། དོན་འགྱུར་ཉམ་སུ་བླང་བ་མེད།། ཡིས་རོལ
6b2 པའི་ཆོ་འཕྲུལ་ཡིན།། རང་བྱུང་རང་གསལ་ཟད་ཐལ་ཡིན།། ཟང་ཐལ་ཉིད་ལས་གཟུང་དུ་མེད།། འཛིན་མེད་རིག་པའི་ཡས་ཤར།། འཁྲུལ་རྟོག་སྡུག་བསྔལ་སྣ་ཚོགས་ཀྱང་།། མྱང་རྒྱུ་མེད་པར་ཤུགས་ལ་སྣང་།། རྩོལ་མེད་རང་བྱུང་རང་སར་ཐིམ།། འདི
6b3 ལ་ཆེད་དུ་བཟུང་དུ་མེད།། འདི་ལ་ཉམ་སུ་བླངས་དང་བྲལ།། འདི་ལ་རྟོག་པ་དགག་ཏུ་མེད།། ཡིས་རང་ཤར་བལྟ་བའི་གདང་།། རྩོལ་བ་མེད་པ་བསྒོམ་པའི་མཆོག། བཙལ་མི་དགོས་པས་འབྲས་བུའི་དོན་ཅེས་གསུངས་སོ།། ཀུན་ཏུ་བཟང་པོ་རིག་པ་རང
6b4 གིས་རྩལ་ཤ་ར་བའི་རྒྱུད་ལས་ཀ་ཡིས་ཟང་ཐལ་གྱིས་ལེའུ་སྟེ། བཞི་པའོ།། ། དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས།། རྡོ་རྗེ་སེཾདའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་འགྲོ
6b5 ལམ་པའི་སེཾན་རྣམས།། ལྷུམ་གྲུབ་དང་ལ་དབྱེར་མེད་པས།། ཟད་མཁྱེན་པའི་སྤྲུལ་སྒྱུ་ཡིན།། ཐུག་ཕྲད་ཉིད་དུ་ཡེ་སངས་རྒྱས།། མ་བཅོས་སྐུ་གསུམ་འཁོར་ལོ་བསྐོར།། ཆོས་རྣམས་ཀུན་བཟངས་རོལ་པར་ཤར།། གང་ཡང་མ་ཡིན་ཆོས་ཀྱི་སྐུ།།
6b6 གཞན་དུ་མི་རྟོག་པཚལ་དུ་མིང་།། གང་ཡང་མ་སྤངས་ཀུན་ཏུ་རོལ།། དབར་མ་སྐྱེས་བུ་ངོ་ཤེས་དང་།། ཕྲེང་པའི་དུས་ན་ཐེ་ཚོམ་མེད།། རྒྱོར་དྲན་རིག་ཅི་འགྱུར་བ།། ཡིས་ཟང་ཐལ་ཆོས་སྐུར་ཤེས།། གང་ཡང་མ་སྤངས་རང་སར་གྲོལ།། གཞན
iiif viewer powered by OpenSeadragon
6a - 7a