| | e-texts navigator
|
6a1 དགག་སྒྲུབ་མེད་ཅིང་སྤང་བླང་མེད།། འབྱུང་འཇུག་མེད་ཅིང་རྣམ་བྲལ་མེད།། ཐ་སྙད་མེད་ཅིང་སྙིང་པོ་མེད།། དག་དང་མ་དག་ཚིག་མཐའ་བྲལ།། གང་ཡང་བདེ་དང་བསྡུག་བསྔལ་མེད།། རྩོལ་བ་མེད་ཅིང་སྤྱོད་མཐའ་བྲལ།། བྱ་བྱེད
6a2 མེད་ཅིང་ཆོས་སྐུར་གསལ།། བྱེད་པ་མེད་ཅིང་འཆིང་གྲོལ་དག། བདག་གཞན་ཡ་ནས་གཉི་སུ་མེད།། འགྲོ་བ་རིག་དྲུག་བདེ་གཤེགས་ཞིང་ལམ་ཡིན།། ཡོད་མེད་མཚན་མ་དབྱེར་མེད་ལ།། བླང་དོར་དབྱེ་གསལ་ངང་གིས་བྲལ།། མ་ལུས་ཆོས་རྣམས
6a3 ཐཾད་ཀུན།། ཤེས་པ་ཆོས་སྐུ་རང་གསལ་བས།། ཀུན་ཏུ་བཟང་པོའི་དགོངས་པ་ལས།། གང་ཡང་མ་གཡོས་ཆོས་ཉིད་ཡིན།། རབ་བྱུང་ཉིད་དུ་རང་གྲོལ་བས།། གཞན་དག་རྩོལ་སྒྲུབ་ག་ལ་ཡོད།། སོ་སོར་རྟོགས་པའི་ཤེས་རབ་ཀྱིས།། ཐེག
6a4 པ་ནིང་རྩེགས་རང་བྱུང་བྲལ།། རང་བྱུང་ཐིག་ལེ་གཅིག་ཏུ་གསལ།། ཐིག་ལེ་མི་ཏོག་རང་བཞིན་གསས།། ཆོས་ཀྱུ་རྡོ་རྗེར་འགྱུར་མེད་ལུང་།། རང་བྱུང་ཡིས་རང་ལགསལ།། ཐམས་ཅད་ཡིས་ངོ་བོར་གསལ།། ཅེས་གསུངས་སོ།།
6a5 ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས།། གབ་པ་མངོན་དུ་བྱུང་བའི་ལེའུ་སྠཱ། གསུམ་པའོ།། ། དེ་ནས་ཡང་རང་བྱུང་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས།། རྡོ་རྗེ་སེམས་དཔ
6a6 ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རང་བྱུང་ཡིས་འགག་མེད་ལ།། བཀག་པས་མི་ཁེགས་ཡིས་ཤེར།། ཟང་ཐལ་ཆེན་པོའི་རང་བཞིན་ནི།། རང་གསལ་གང་དུ་མི་རྟོག་ཕྱིར།། བརྩལ་མེད་རིག་པའི་ཤུགས་ལས་བྱུང་།། དཔེར་ན་གླང་ཆེར་སྨྱོན་པ་ལྟར
iiif viewer powered by OpenSeadragon
5b - 6b