e-texts navigator
Collection
Volume
Page
Wylie

5b1 ལས་ཆོས་སྐུ་ཁྱབ་པར་གས་ལ།། དཔེར་ན་འཁོར་ལོས་བསྒྱུར་རྒྱལ་ལ།། མཚན་དང་དཔེ་བྱད་རང་ལ་ཚང་།། མིག་ཕྱུང་རྒྱན་ཆས་རང་ལ་གསལ།། དེ་བཞིན་སེམས་ཅན་སེམས་ཉིད་ལ།། ཐིག་ལེ་ཆེན་པོ་ངོ་སྤྲད་ན།། མ་བསླང་ཆོས་སྐུ་དང་གིས།།
5b2 གསལ་ཐིག་ལེ་ཆོས་སྐུ་རང་གསལ་ལ།། ངོ་བོ་ཉིད་ནི་དམིགསུ་མེད།། གང་ཡང་མ་གཡོས་འགྱུར་པ་མེད།། ཉམ་སུ་བླང་མེད་གཟའ་གཏད་བྲལ།། སྐྱེ་མ་འགག་མེད་ཤར་ནུབ་མེད།། གང་མཐོང་ཅིར་གསལ་ཆོས་སྐུར་མཐོང་།། གང་དུ་མ་བགྲོད་རླུ
5b3 དུ་ག་ནས།། འབྱུང་འཇུག་མེད་ཅིང་གཞལ་བྱ་བྲལ།། འདས་དབ་མ་བྱོན་ད་ལྟར་དུ།། སྣང་ཞེན་མེད་ཅིང་བགྲང་དུ་མེད།། རང་བྱུང་ཡིས་རང་གསལ་བས།། མི་མཐུན་ཕྱོགས་དང་གཉེན་པོ་མེད།། དཔེར་ན་རྨུ་ལོང་མིག་ཕྱེ་བས།། རང་ལུས་གཞན
5b4 ས་བཙལ་མི་དགེས།། དེ་བཞིན་ཐིག་ལེ་ཆོས་ཆེན་ལ།། མཚན་མ་ཆོས་སྐུར་ངོ་ཤེས་ན།། མི་མཐུན་མེད་པས་གཉེན་པོ་མེད།། ཆོས་སྐུ་རབ་གསལ་གདེང་རྙེད་ན།། བགྲོད་རྩོལ་འབད་པ་ག་ལ་ཡོད།། དམ་པར་བལྟ་མེད་ཞེན་འཆིང་མེད།། ཕྱེཊ་རྣམས
5b5 མེད་ཅིང་ཕྱོགས་དང་བྲལ།། དཔེར་ན་ན་མཁའི་རང་བཞིན་ལྟར།། རང་གི་ངོ་བོ་རང་གསལ་ལ།། རང་གསལ་ཉིད་ལ་གནས་པ་མེད།། མིགས་མེད་མཚན་མཚོར་མི་གནས།། སྣང་སྟོང་ཀུན་གསལ་ཡིས་སྐུ།། ཐིག་ལེ་རང་བཞིན་རང་གསལ་ལ།
5b6 སྣང་དང་སྟོང་པ་གཉི་སུ་མེད།། དངོས་པོར་སྣང་བ་ཐ་སྙད་རྣམས།། སྣང་ཞེན་ཐ་སྙད་ཅི་བྱུང་ཡང་།། མཚན་མ་རང་གྲོལ་ཐ་སྙད་བྲལ།། རྣམ་རྟོག་ཡིས་དགོད་པར་ལྡན།། འཁོར་དང་མྱ་ངན་འདས་རྣམས་ཀུན།། གཉིས་ག་ཡིས་རང་གསལ་བ།།




iiif viewer powered by OpenSeadragon

5a - 6a

Texts on this page

Gbr004.27 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud