e-texts navigator
Collection
Volume
Page
Wylie

5a1 ཧྲ་ཤ་བཙལ་བ་མེད་པར་ལྷུམ་གྱིས་གྲུབ།། འདོད་དགུར་བསྒྱུར་བའི་རིན་པོ་ཆེ།། བཀོལ་བ་མེད་ཅིང་དབྱིངས་ན་གསལ།། ཡི་གེ་མེད་པའི་ཚིག་ལས་འདས།། རིག་པ་རྩལ་ཞེས་བྱ་བ་ནི།། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན།། སེམས
5a2 མ་ཡིན་པའི་ཆོས་ཡོད་ཡིན།། ཆོས་རྣམས་མ་ལུས་ཐད་ཀུན།། རིག་པའི་རྩལ་དུ་ར་ཤར་བས།། དེ་ཉིད་ཆོས་སྐུར་རང་གསལ་ལ།། ཡངས་དང་མ་ཡངས་མཐའ་ལས་གྲོལ།། རིག་པ་རང་བྱུང་ཡིས་ལ།། རྟོག་པ་དེས་སྙེད་དོན་གྱི་མཆོག། རངབ་ཤར
5a3 རིག་པ་དབྱིངས་ནས་ཤར།། རིག་པ་ཁྱབ་བརྡལ་རང་བཞིན་ལ།། རང་བྱུང་ཡིས་ངང་གིས་གསལ།། ཆོས་སྐུ་རང་གསལ་རབ་ཉིད་ལ།། ཞེན་འཆིང་མེད་ཅིང་དམིགས་དང་བྲལ།། རིག་པ་རྩལ་གྱིས་རང་བཞིན་གྱིས།། དཔེར་ན་མཁའ་ལ་ཉི་ཤར
5a4 བཞིན། རིག་པ་རང་གསལ་ཕྱོགས་དང་བྲལ།། ཕྱོགས་རྣམས་མེད་ཅིང་ཀུན་ལ་ཁྱབ།། སྣང་ཚད་རིག་པ་ཆོས་སྒྱུར་གསལ།། ཅེས་གསུང་སོ།། ཀུན་ཏུ་བཟང་པོ་རིག་པའི་རྣལ་རངབ་ཤང་བའི་རྒྱུད་ལས།། རིག་པའི་རྩལ་གྱིས་ལེའུ་སྟེ། གཉིས་པའོ།།
5a5 དེ་ནས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དྲིས།། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱཻ་ཀྱཻ་དགོངས་པ་རང་ཤར་དབྱིངས་ན་གསལ།། དེ་དོན་མ་རྟོགས་སྣང་མེད་ལ།། གབ་པའི་དོན་ཆེན་མངོན་དུ་ཕྱུང་།། བླ་མས་དགོངས་པའི་དབྱིངས
5a6 བཏོལ་བའི།། ཚད་མ་དག་ལྡན་བླ་མ་ཡིས།། མན་ངག་བདུད་རྩི་བཅུད་དུ་བསྟན།། སྨད་པས་མི་བསློང་ཆོས་སྐུ་ལ།། རྣམ་རྟོག་ཀུན་རྟགས་ག་ལ་ཡོད།། གསེར་ལ་གཡའ་བྱུང་གསེར་ཉིད་བསྒྲིབས།། གཡའ་བྱུང་གསེར་ལས་འདའ་བ་མེད།།




iiif viewer powered by OpenSeadragon

4b - 5b

Texts on this page

Gbr004.27 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud