| | e-texts navigator
|
4b1 ལམ་གྱིས་རྩོལ་བ་མེད།། རྡོ་རྗེ་ཉི་ཆེན་འབར་བ་ལྟར།། སྐྱེ་འཇིགས་འཕོ་འགྱུར་ནུབ་མཐའ་མེད།། རིན་ཆེན་གླིང་དང་ཉི་མ་ལྟར།། རང་གསལ་འགག་མེད་རྟོག་དང་བྲལ།། འཁོར་བའི་གནས་ཉིད་ཡེ་སངས་རྒྱས།། རང་སེམས་རིག་པ་གང
4b2 སྣང་བ། བསམ་པ་ཅི་རྒྱུད་ཡིས་དང་།། ལྷུན་གྲུབ་གཞི་འཛིན་རིག་པ་ལ།། ཆོས་ཅན་ཆོས་ཉིད་གང་ཡང་མེད།། མཐའ་དང་དབུས་བྲལ་དཀྱིལ་དུ་རྫོགས།། རྟག་པ་མ་ཡིན་ཆད་པ་མིན།། མི་རྟག་མ་ཡིན་བདག་མཐའ་མེད།། ཤེས་པ་མི་འགག་འདོད
4b3 པ་མིན། བྱ་བྱེད་མེད་ཅིང་རྩོལ་སེམས་དག། བགྲོད་མེད་རྩོལ་བྲལ་རིག་པའི་ཀློང་།། ཕྱོགས་བྲལ་ཕྱོགས་ལ་གནས་པ་མེད།། རང་རིག་ཡུལ་མེད་ཡུལ་དང་བྲལ།། ལན་མེད་འཛིན་མེད་འདོད་པ་མེད།། རང་བྱུང་འགག་མེད་མི་ལྡན་ན།། ཕྱོགས་འཛིན
4b4 མཐའ་ལ་ཞེན་པ་འཁྲུལ།། ཕྱོགས་མེད་རིག་པ་རང་ཤར་འདི།། ཐ་སྙད་མིང་ལ་མི་གནས་ཏེ།། སྐྱོ་འགག་མེད་པར་རྣམ་རྟགས་ཤིང་།། བཀྲི་དང་དྲན་མ་ཐོམས་སན་ལ།། ཐུགས་རྗེ་བསྟི་གནས་འཁོར་ལོ་བསྐོར།། ཐ་སྙད་ལམ་གྱིས་འགྲོ་བ་འདྲེན།།
4b5 སྣ་ཚོཌ་སྣང་བའི་ཆོས་རྣམ་ཀུན།། སྐུ་གསུང་ཐུགས་ལས་མ་གཡོས་ཏེ།། མི་ཟད་འཁོར་ལོ་རྣམ་གསུམ་པོ།། ནམ་མཁའ་ལྟ་བུར་ཡེ་ནས་བསྐོར།། ཟག་མེད་འདའ་མེད་ཡོས་ཀུཾ།། ལྷུན་གྲུབ་ཆེན་པོ་བསཾ་མི་ཁྱབ།། གང་ཞིག་འགྲོ་བ་བགྲོ་བ་རྣམས
4b6 ཟག་མེད་བདེ་བ་རིག་པའི་གསུངས།། གང་ཞིག་ཁ་དོག་དབྱིབས་སྣང་བ།། སྐུ་མཆོག་རྒྱན་གྱི་འཁོར་ལོ་ཟབ།། སེམས་ཉིད་རྡོ་རྗེ་དབྱེར་མེད་ཐུགས།། གཉི་སུ་མེད་པ་ཀུན་ཏུ་བཟང་།། སྐུ་གསུམ་མི་འབྲལ་བདེ་བ་ཆེ།། སེམས་ཉིད་ཡེ་ནས་སངྱས་པས
iiif viewer powered by OpenSeadragon
4a - 5a