e-texts navigator
Collection
Volume
Page
Wylie

4a1 གཉིས་མེད་བདེ་དོན་རྟོགས།། རང་རིག་རང་གསལ་བླང་དོར་བྲལ།། རྣམ་དག་ལམ་ཆེན་དགོངས་པའི་དོན།། ཁྱུད་ཆེན་དར་མ་མཁའ་ལྡིང་བཞིན།། སྤྲོས་མེད་བསྔར་མེད་རང་སར་གྲོལ།། རྩོལ་སྒྲུབ་མེད་ཅིང་གཱ་ཡང་ས་བྲལ
4a2 གཡང་ས་ཉིད་ཀྱང་སེམས་སུ་ཤེས།། འཁོར་བ་ཉིད་ཀྱང་ཡིས་ལ།། ཡེ་ནས་འཁོར་འདས་གཉིསུ་མེད།། སྐུམ་གྲུབ་ཉིད་ལས་གཞན་དུ་མེད།། རང་རིག་ཅིར་ཡང་མ་གྲུབ་པས།། ཞེན་བློ་བསམ་འདོད་ཀུན་དང་བྲལ།། རིག་པ་མཐའ་བྲེལ་སྟོང་པ་ཉིད།།
4a3 འོད་གསལ་ན་མཁའི་རང་བཞིན་འདྲ།། བཟུང་འཛིན་མེད་པས་མཉམ་པའི་ངང་།། རོལ་པའི་ཆོ་འཕྲུལ་ཅིར་ཡང་སྟོན།། ཆོ་འཕྲུལ་བསྟན་ཡང་རང་རྒྱུད་བྲལ།། རིག་པ་སྒྱུ་མ་ཆུ་ཟླ་འདྲ།། ཀུན་ཏུ་འཆར་ཞིང་ལྷུན་གྱིས་གྲུབ།། འདི་ཡིན་འདི་མན་ཐ་སྙད་བྲལ།།
4a4 རིག་པ་མ་སླད་དྲི་མ་བྲལ།། ན་མཁའ་ལྟ་བུའི་རིག་པ་ལ།། ནམ་མཁའི་དབྱིངས་ལྟར་བས་མ་དང་བྲལ།། བསམ་མང་བློ་བདེན་མཁའ་བཞིན།། རདྭམཱཾ་སེ་བསམ་དང་བྲལ།། མ་སྐྱེས་མི་འགག་ཅིར་མི་གནས།། རིག་པའི་རྒྱལ་པོ་ལྟ་བ་ཡིན།། ལྟར
4a5 མེད་སེམས་ཀྱི་ལྟ་བ་ནི།། སྔ་ཕྱི་དུས་ལས་མ་དམིགས་ཏེ།། འགྱུར་མེད་སེམས་ཀྱི་གཡུང་དྲུང་ཡིན།། ཞེ་འདོད་དག་ལས་འབྱུང་མི་སྲིད།། འདོད་པ་མེད་ཅིང་ལེན་པ་དག། སྤྱན་གྲུབ་བདེ་འབྱམས་ཡང་དོག་མེད།། རང་གྲོལ་དག་པ་ཆེན་པོ་ལ།། འཕོ་འགྱུར་མེད་པས
4a6 རྡོ་རྗེ་འདྲ།། རྣམ་རྟོག་རླུང་གིས་བསྐྱོད་གྱུར་ཀྱང་།། ལྷུན་གྲུབ་དང་ལས་གཡོས་པ་མེད།། གཞི་འཛིན་རིག་པ་རྒྱ་མཚོ་བཞིན།། ཕྱི་ནང་གསང་བ་ཀུན་གྱིས་དངོས།། མཐའ་དབུས་མེད་ཅིང་ཕྱོགས་དང་བྲལ།། རང་བྱུང་འགག་མེད་ལྟ་བ་ལྟ།། ལམ་དང




iiif viewer powered by OpenSeadragon

3b - 4b

Texts on this page

Gbr004.27 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud