| | e-texts navigator
|
3b1 འབར། དཔེར་ན་སྐས་ཀྱིས་གདང་ཤུ་ལྟར།། རིམ་པར་བགྲང་མེད་སེམས་ཉིད་ལ།། བགྲོད་རྩོལ་ལམ་གྱིས་ཐོབ་རྒྱུ་མེད།། རང་བྱུང་རང་ཤར་རྣམ་གྲོལ་ལམ།། བགྲེང་མེད་རྩོལ་བྲལ་རིག་པའི་ཀླུངས།། སྔ་ཕྱི་མེད་པར་མངོན་མཐར་ཕྱིན།།
3b2 རིག་པ་རྩལ་གྱི་རང་བཞིན་ནི།། ཡིས་ཉི་མ་མངོན་ཤར་བས།། ཤར་བ་ཉིད་ན་ནུབ་པ་མེད།། ཀུན་བཟང་ཐིག་ལ་ཆེམ་པོ་ཉིད།། མ་བཅོས་ལྷན་གྲུབ་གཡོ་བ་མེད།། རྒྱུ་འབྲས་རྟོག་འཛིན་ཅི་ཡིད་མེད།། ཡུལ་མེད་རྒྱུ་མས་ཡུལ་ལ་རོ་ལ།། སེམས་ཉིད
3b3 ན་མཁའི་ཉི་མ་འདྲ།། རང་བྱུང་ལྷ་མ་གྲུབ་བདེ་བ་ཆེ།། བླང་དོར་གཉིས་མད་འདང་རྩོལ་མེད།། མདོར་ན་རིག་པའི་རྩ་ལ་ཞེས་པ།། མཁའ་ལ་ཉི་མ་ཤར་བཻ་བཞིན།། འདིར་གསལ་འདིར་མི་གསལ་དང་བྲལ།། ཀུན་ལ་ཁྱབ་ཅིང་དབྱེ་གས
3b4 མེད། དེ་བཞིན་ལུང་དང་མན་ངག་དང་།། རིག་པ་དག་གིས་ཙལ་དག་གིས།། སྣང་སྲིད་འཁོར་འདས་ཆོས་རྫས་ཀུན།། སེམས་ཉིད་ཡིན་པར་ཐག་ཆོད་ན།། བྱང་སེམས་བདེ་བ་ཀུན་ལ་བརྡལ།། བྱང་ཆུབ་སེམས་ཀྱི་ལྷ་ཐག་གཅད།། སེམས་ཀྱི
3b5 ཉི་ཟེར་སྤྲོ་ཞིང་བསྡུ།། རིག་པ་རྩལ་གྱི་རང་བཞིན་ནི།། གང་ཡང་ཡིན་ནོ་ཙོ་རེ་ཡང་འཆར།། ཤར་ཡང་བྱང་སེམས་བརྡལ་བའི་ཀློང་།། ཆོས་སྐུ་རང་གསལ་དང་ལ་བཞག། བསམ་དང་བྲལ་བའི་ཡིས་མཐོང་།། རང་གསལ་རང་བྱུང་རྫོ།
3b6 པའི་དོན།། མཐའ་དབུས་བྲལ་བའི་ཡེ་སངས་རྒྱས།། གྱི་ན་རྩོལ་བྲལ་དབུ་མའི་ལམ།། ཞེན་ཆགས་བྲལ་བས་གཟའ་གཏད་མེད།། ཕྱོགས་མེད་ལྷན་འབྱམས་ཀུན་བཟངས་འདི།། འཁོར་འདས་རང་ལུས་གཞི་བྱས་ནས།། རང་སེམས
iiif viewer powered by OpenSeadragon
3a - 4a