e-texts navigator
Collection
Volume
Page
Wylie

3a1 མ་ཡེངས་ཅོག་བཞག་ཉིད་དུ་བཞག། ཅེས་གསུངསོ།། ཀུན་ཏུ་བཟང་པོ་རིག་པའི་རྩལ་རང་ཤར་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ། དང་པོའོ།། ། དེ་ནས་རིག་པའི་རྒྱལ་པོ་ཆེན་པོ་དེས།
3a2 རྡོ་རྗེ་སཾ་དའ་ལ་འདི་སྐད་ཅེས་གསུངསོ།། འཁོར་བའི་སྡུག་བསྔལ་ཅིར་ཤར་དང་།། མྱ་ངན་འདས་པའི་བདེ་བ་གཉིས།། རིག་པའི་ཡིས་རྩལ་དུ་རྫོགས།། རྣམ་རྟོག་ཅིར་སྐྱེས་རིག་པའི་རྩལ།། རང་བྱུང་ཡས་འགག་མེད་ལ།། རྟོག་དང་རིག་པ་ཐ
3a3 དང་མེད་ཏུ་ལྷན་གྲུབ་ཕྱོགས་མ་རིག་པའི་རྩལ།། ཀུན་སྤངས་ཀུན་གྱི་དངོས་གཞིར་ཤར།། བཟུང་འཛིན་ཕྲ་རགས་རྟོག་པ་རྣམས།། རོལ་པ་ཆེན་པོའི་ཆོ་འཕྲལ་ཡིན།། ཡང་དག་དོན་ལ་བརྗོད་དུ་མེད།། མ་བརྗོད་གོ་རྟོགས་མི་སྐྱེ་བས།། བརྗོད་མང
3a4 བརྗོད་བྱའི་ཚིག་གི་མཚོན།། ཀུན་བཟངས་ལྷུན་གྲུབ་བརྡལ་བ་ལ།། འཁོར་དང་མྱང་འདས་རྣམ་པར་དག། ཚིག་དང་ཚིག་དོན་བརྗོད་བྱ་བྲལ།། བྱ་བཙལ་བྲལ་ཞིང་གཉེན་པོ་མེད།། ཤེས་པ་རང་གསལ་དང་ལ་བཞག། བྱ་བ་བཏང་བའི
3a5 སྐྱེས་བུ་འམ།། རྒྱ་མཚོ་སྣང་བའི་རྫས་ལྟ་བུར།། བྱེད་སྤྱོད་མེད་པར་རང་བཞིན་གསལ།། བཟུང་འཛིན་རྒྱུ་འབྲས་གང་ཡང་མེད།། ད་ལྟ་ཉིད་དུ་འབྲས་བུ་ཐོབ།། དྲང་དོན་རྩོལ་སེམས་ཁང་མ་ལུས།། རྣམ་རྟོག་ཀུན་རྟོག་མཚན་མ་རྣམས།
3a6 རང་བྱུང་རང་གསལ་ཉིད་ཀྱི་ངང་།། ཆོས་ཉིད་ལྷུན་གྲུབ་འགག་མེད་ལ།། ཆོས་རྣམས་རང་བཞིན་ཉིད་དུ་གནས།། དཔེར་ན་རིན་ཆེན་གསེར་གླིང་ན།། ས་རྡོ་མི་གནས་གསེར་དུ་སྣང་།། སེཾས་ཉིད་རང་བྱུང་ཡིས་ལ།། ཅིང་སྣང་ཅིར་སྲིད་བདེ་ཆེན




iiif viewer powered by OpenSeadragon

2b - 3b

Texts on this page

Gbr004.27 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud