e-texts navigator
Collection
Volume
Page
Wylie

2b1 བརྗོད་ནས། རྟོགས་པའི་འཁོར་དུ་བསྟན་དུ་གསོལ།། ཨེ་མ་ཧོཿགསུང་དུ་གསོལ། ཞེས་ཞུས་པས། དེ་ནས་རིག་པའི་རྒྱལ་པོ་ཆེན་པོ་དེས།། རྡོ་རྗེ་སེདའ་ལ། འདི་སྐད་ཅེས་བཀའ་སྩལ་ཏོ།། རིག་པ་ལྷུན་གྲུབ་ཟག་མེད་བདེ།། མཁའ་ལ་ཉི་མ།
2b2 ཤར་བ་བཞིན།། འཁོར་འདས་ཀུན་ལ་ཁྱབ་པར་གསལ།། ཁྱབ་གསལ་གཉིས་མེད་ཐིག་ལེ་ཆེ།། སྙུན་གྲུབ་ཆེན་པོའི་ངོ་བོར་ཤར།། འབད་པ་མེད་པར་ཡ་སངས་རྒྱས།། འགྱུར་མེད་ཐ་དད་རྒྱུ་འབྲས་འདས།། རྣམ་ཀུན་བྱང་སེམས་བདེ་བར
2b3 ཤེས། ཤེས་ཀྱང་མི་ཤེས་ཐ་སྙད་ཀྱང་།། ལྷུན་གྲུབ་ཉིད་ལ་སཽ་གཞན་མ་གྲུབ།། འཁོར་བའི་རྐྱེན་འགྱུར་རྣམ་སྨིན་ལས།། འགྲོ་དྲུག་ཉིད་དུ་སྣང་བ་ཡང་།། ངོ་བོ་མ་ཡིན་རྐྱེན་ལྟར་བཤར།། ཀུན་བཏགས་རྣམ་རྟོགས་མཚན་ཉིད་ཀྱང་།།
2b4 གང་ལྟར་བརྟགས་པ་དེ་ལྟར་སྣང་།། ཇི་ལྟར་རྟོག་པའི་རྣམ་གྲངས་ཀུན།། གཅིག་ལས་ཡུལ་དུ་ཀུན་ཏུ་རྒྱུ།། དཔེར་ན་ཉི་མའི་ཟེར་བཞིན་དུ།། ཐིག་ལེ་ཅིག་ལས་དུ་མ་མེད།། ལྷུམ་གྲུབ་ཟང་ཐལ་རང་བཞིན་ནི།། མཐའ་དང་བྲལ་བར
2b5 རྟོགས་མཐའ་མེད།། རང་གསལ་དགོངས་པར་གནས་པར་བྱ།། ལྷུན་གྲུབ་རང་བྱུང་འགག་མེད་ཀྱིས།། འཁོར་འདས་ཆོ་འཕྲུལ་ཉིད་དུ་སྟོན།། ལྷུན་གྲུབ་ཕྱོགས་མེད་འབྲས་བུ་ནི།། རང་བྱུང་ཡིས་ཉིད་ལ་རྫོགས།། རིག་པའི་སྤྱིས།
2b6 ཆེན་པོར་ཤར།། བགྲོད་མེད་རྩོལ་བྲལ་ཀློང་ཆེན་ལ།། བགྲོད་མེད་ས་ཡི་ཡོན་ཏན་ཤར།། རང་སྣང་གཉིས་མེད་ཅིག་ཆར་ས།། དེ་ལ་བརྩལ་མེད་འབྲས་བུའི་མཆོག། རིག་པའི་རྩ་ལ་ཤར་རྐྱོང་པས།། ཤེས་པའི་ཆོས་སྐུ་རང་གསལ་ལ།།




iiif viewer powered by OpenSeadragon

2a - 3a

Texts on this page

Gbr004.27 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud