| | e-texts navigator
|
10b1 དོན་ལ་མཚོན།། འདུ་འབྲལ་མེད་པས་སྐུ་གསུང་ཐུགས་ཀྱི་དང་།། ཨེ་མཧོ།། ཨེ་མ་ཧོཿཞེས་བརྗོད་པས་རབ་ཏུ་དགྱེས་པར་གྱུར་ཏོ།། ཀུན་ཏུ་བཟང་བློ་རིག་པ་རང་གི་རྩཝལ་ཤར་བའི་རྒྱུད་ལས།
10b2 བསྟོད་པའི་ལེའུ་སྟེ། བཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས།
10b3 སེམས་དཔའ་ལ་རྒྱུད་དང་མན་ངག་གི་དོན་གཏད་པ།། ཀྲུཾ་ཀྱཾ། རིག་པའི་སྐྱེས་བུ་ཆེན་པོས་རྒྱུད་འདི་བཟུང་།། སྒྲ་དང་ཚིག་ཕྱིར་མ་འབྲང་དོན་གྱི་གཏེར།། ཡང་དག་དོན་ཆེན་གསང་བའི་རྒྱུད
10b4 ཆེན་འདི།། ང་ཡིས་ཐུགས་བཏོལ་དགོངས་པའི་བཅུང་ཕྱུང་ནས།། རྒྱ་མཚོ་ལྟ་བུར་གཏིང་དཔག་དཀའ་བའི་དོན།། ཀུན་དང་ཀུན་གྱི་ཐུན་མོང་མ་ཡིན་པས།།
10b5 ཉིད་ལས་མི་གཞན་ཁྱད་མེད་འཁོར་རྣམསུ་ལ།། ཁྱབ་པར་སྟོན་ཅིག་སེམས་དཔའ་རྡོ་རྗེ་ཁྱོད།། སྣོད་ལྡན་ལས་འཕྲོ་ཡོད་པའི་གང་ཟག་གམ། རླིག་པ་སྤྱི་བླུགས་ཤར་བའི
10b6 གང་ཟག་ལ། ཐེ་ཚོམ་ཡིད་གཉིས་མེད་པར་མྱུར་དུ་བསྟོན།། ཅེས་གསུངས་པསཉིད་ལས་མི་གཞན་པའི་འཁོར་ཐམས་ཅད་རྗེས་སུ་ཡིད་རང་པོར་གྱུར་ཏོ།།
iiif viewer powered by OpenSeadragon
10a - 11a