| | e-texts navigator
|
10a1 གདམས་ངག་དོན་རྟོགས་གདང་ལྡན་ལ།། དུས་དེ་ཁོ་ནར་འབྲས་བུ་ཐོབ།། སྤྱོད་ཡུལ་རིག་པ་རང་ཤར་ཡིན།། ཤེས་པ་ལྷུག་པ་རང་བཞིན་ཉིད།། ཆགས་བྲལ་ཕྱོགས་མེད་རང་གྲོལ་ཉིད།། ཞེན་པ་རང་ལོག་ཕྱོགས་རིག་མེད།། རེ་དོག
10a2 མེད་ཅིང་ཕྱོགས་རིག་མེད།། དུ་མ་རོ་ཅིག་འཕེལ་འགྲིབ་མེད།། ལྷུན་གྲུབ་ཕྱག་རྒྱ་ཆེན་པོ་ཉིད།། ད་ལྟ་ཉིད་དུ་འབྲལ་བུ་གྲུབ།། དེ་དུས་ཅིར་སྣང་ཡིས་ལ།། ལྷུན་གྲུབ་འགྱུར་མེད་སྐྱེ་བ་མེད།། རང་ཤར་སྤྲུལ་པ་དཔག་མེད་འགྱེད།།
10a3 ཐམས་ཅད་འབྲས་བུར་རང་ཤར་ན།། ཐམས་ཅད་མཁྱེན་པའི་འབྲས་བུ་ཡིན།། འགྲེ་ལོག་སྤྱི་ཚུགས་གར་སོང་ཡང་།། འབྲས་བུ་དེ་ཉིད་མངོན་སངས་རྒྱས།། འཁོར་འདས་དབྱེར་མེད་འབྲས་བུའི་མཆོག། འཁོར་བ་ཉིད་ན་མྱང་འདས་གསལ།།
10a4 སྡུག་བསྔལ་བདེ་བར་རང་ཤྭར་ན།། དོན་གྱི་འབྲས་བུ་སྐྱེ་བ་མེད།། ཅེས་གསུངས་སོ།། ཀུན་ཏུ་བཟང་པོ་རིག་པ་རང་གི་རྩཝལ་ཤར་བའི་རྒྱུད་ལས།། འབྲས་བུ་མངོན་དུ་བྱུང་བའི་ལེའུ་སྟེ་བཅུ་གཉིས་པའོ།།
10a5 དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེ།། དེ་ཉིད་སྣང་བ་རང་གྲོལ་ལེས་རང་གསལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། དེའི་དུས་དེ་ཉིད་ཁོ་ནར་རྡོ་རྗེ་སེམས་དཔའ་ཉིད་ལས་མི་གཞན་པའི
10a6 འཁོར་རྣམས་ལ་འཛུམ་པ་མཛད་ནས།། རིག་པའི་རྒྱལ་པོ་ལ་བསྟོད་པ།། རིག་པའི་རྒྱལ་པོ་སྐྱེ་མེད་ནམ་མཁའི་ཐུགས།། རྡོ་རྗེའི་སྐུ་ལ་འགྱུར་མེད་སྐྱེ་འཇིག་བྲལ།། བྱིན་བརླབས་གསུང་གི་ཚིག་མེད
iiif viewer powered by OpenSeadragon
9b - 10b