| | e-texts navigator
|
8a1 དོན། སེམས་ཉིད་མོས་པས་སེམས་ལ་དནིཌ་བ་མེད།། མ་བཅོས་སེམས་ཀྱི་རྒྱུ་ནི་ཀུམ་ལ་ཁྱབ།། སེམས་ཀྱི་རང་བཞིམ་མི་དམིཊ་སྒྱུ་མའི་མདའ།། ཐོག་མེད་གསལ་བའི་མར་མེད་ལྷུན་གྱིས་གྲུབ།། ཞི་བའི་འོད
8a2 གསལ་མཐའ་བྲལ་སྣང་བ་མེད།། མ་བཅོམ་བྱང་ཆུབ་སེམས་མི་རྩོལ་དང་ཁྲལ།། མི་གནས་ཆ་པའི་ཡུལ་མེད་འཆིང་ལའི་གནས།། རང་བཞིན་པ་དད་རྣམས་གྲངས་ཅིག་པའི་ཡུལ།། རྣམ་པའི་རང་བཞིན་མི་འགྱུར་དོན།། ས་བོམ་མི
8a3 དམིན་འོད་གསལ་དགེ་ལའི་རྒྱུ།། རྒྱུ་དང་མི་རྒྱུ་མཉམ་ཉིད་འབྱུང་བ་མེད།། དག། མ་ཡིན་བརྩལ་ཁས་དབང་པོས་སྟོང་།། དེ་ཉིད་བསྟན་པས་དེར་གནས་སྨོས་ཅི་དགོས།། མཉམ་ཉིད་རོའི་བདེ་བ་མཚན་མ་དབྱིངས།། དབྱེར་མེད་བདེ་ལ་ཆུར་ན
8a4 སྒོམ་ཆ་ཌ་ནད།། འདས་དང་མི་གནས་རང་བཞིན་དུས་གསུམ་རྒྱུ།། མཚན་མའི་འཆིང་པ་མི་ལེམ་འཛིམ་དང་བྲལ།། དུས་གསུམ་ཡེ་ནས་དག་ལས་རྡོ་ཆེ།། གང་ལ་ཆགས་ལ་མེད་པས་གཏོར་མར་བཤད།། རྒྱུ་མའི་སྦྱོར་བས་འབྲེལ
8a5 ང་ངོམ་དུ་འབྲལ།། རྩོལ་བའི་རྒྱུ་མས་སྐྱེད་མེད་དབྱིངས་མི་སྤྱོད།། སྒྱུ་མའི་རྣམ་གྲངས་འགྲངས་པས་ཡུལ་ལ་འཕྲུལ།། སྒྲོ་སྐུར་སྨྲ་མ་འཆིང་པས་བརྩལ་མི་བྱ།། ཁ་ས་མུ་མཛན་མཁའ་དང་མཉམ་པའི་རྒྱུད་ལས།། རོལ་པ་རྒྱུ་མར་བསྟམ་པའི
8a6 ལེའུ་སྟེ། བཅུ་པའོ།། ། དབང་པོ་སྤྱོད་ཡུལ་བྲལ་ཕྱིར་དེ་རྒྱུ་མེད།། དེ་མེད་དེ་ལ་མེ་ཏོག་མ་མཁའ་འདྲེ།། འདུས་བྱམ་འདི་རྐྱེན་གྱི་སྒྱུ་མ་འདྲ།། དེ་ལ་སྤྱོད་བདུད་པ་སེར་པོ་འདྲ།། བར་ཆད་འཁྲུལ
iiif viewer powered by OpenSeadragon
7b - 8b