| | e-texts navigator
|
7a1 གནས་པའི་ལེའུ་སྟེ། རྒྱད་པའོ།། །། སྐྱེ་མེད་ཆོས་རྣམ་པདི་བསམ་མི་ཁྱབ།། བསམ་དུ་མེད་པས་བསམ་པའི་ན་མཁའ་ཆེ།། ཀུན་ལ་ཁྱབ་པའི་ན་མཁའི་ངོ་བོ་མེད།། ཆོས་ཉིད
7a2 དབྱེར་མེད་ཡེ་ནས་ན་མཁའ་ཆེ།། དེ་ཉིད་དེ་ལ་མི་རྟོག་གནས་པ་མེད།། བྱ་བྲལ་བསམ་དང་བྲལ་བས་ན་མཁའ་དག། བསམ་དུ་མེད་ལས་དེ་ཉིད་དེར་མི་འགྱུར།། ན་མཁའ་མི་དམིས་པ་ཡང་དམིགསུ་མེད།། ད་ནིར་དང་མི་དམི། དེ་ལ
7a3 དེ་མི་འབྱུང་།། ནམ་མཁའ་ཡུལ་དུ་མ་ཞེམ་སྒོམ་མི་བྱ།། དེ་ལ་དེ་མིང་དཔེ་ཡི་ནམ་མཁའ་དག། ན་མཁའ་མཚན་ཉིད་ཀུན་ལས་འདས་པར་གསུང་།། དེ་ཉིད་ཙམ་དུ་དེ་ཉིད་དེ་ཡང་མེད།། སྒོམ་དང་མི་སྒོམ་ན་མཁའ་ཉིད་དུ་སྒོམ།། མ
7a4 སྒོམ་དུ་མེད་པས་ནམ་མཁའི་དོན།། ཟློས་དང་མི་ཟློས་སྤྲོས་མེད་བཟླས་པར་སྦྱར།། ལུས་དང་བྲལ་བའི་ན་མཁའ་སེམས་དཔའ་མེད།། ན་མཁའི་མཚན་ཉིད་ཀུན་དང་བྲལ་བར་སྦྱོར།། བདག་གཞན་ཚིག་བཟླས་མ་བཀག་མཉམ་ལ་ཉིད།། མཚམ་མེད་སྒྲ
7a5 ཡི་མཚོམ་ཞིང་མཚོམ་མི་ནུས།། དེ་ཉིད་མཚན་པར་འདི་ཞེས་ནུས་མ་ཡིན།། ཁས་མུན་ཛ་ན་མཁའ་དང་མཉམ་པའི་རྒྱུད་ལས།། ཆོས་པདེ་ན་མཁའི་དཔེས་བསྟན་པའི་ལེའུ་སྟེ། དགུ་པའོ།།
7a6 བརྟན་དང་མི་རྟག་ཞི་ཕྱིར་རྣམ་གྲངས་བྲལ།། མཆོམ་པའི་སྒྲོམ་མེ་རེ་ཡཱི་དེར་མི་འགྱུར།། ཞི་བའི་ཆོས་ཉིད་དེའི་ཕྱོན་དང་བྲལ།། དེ་ནས་དག་པའི་ཞི་བ་མཐལ་ལས་འདས།། མ་སྐྱེས་རང་བྱུང་དེའི་རྗེས་དང་བྲལ
iiif viewer powered by OpenSeadragon
6b - 7b