e-texts navigator
Collection
Volume
Page
Wylie

3a1 མུན་པའི་འོད་ཟེར་འཆིང་ལའི་རྒྱ་དང་ཚུངས།། དེ་དོན་འཆིང་པའི་རྒྱ་དང་གྲོལ།། འོད་ཀྱི་སྟོབས་ཀྱི་གསལ་བ་ལྟར།། མཚོན་བྱེད་ཐབས་ཀྱིས་རང་བཞིན་འབྲེལ་པ་ཚང་།། བཀའི་བདུད་རྩི་སྨན་གྱི་བཅུད་ཀྱི་བསྡུས
3a2 བསྒྲུབ་བྱེད་རྒྱུའི་རང་བཞིན་མཚོན་བྱེད་ཐབས།། གསལ་སྟང་མ་དང་མིད་འབྱེད་ཡིས་ཐུཊ།། སྐུ་གསུང་ལྷུན་གྱི། གྲུབ་པའི་འབྲས་བུ་ཅིག། བྱ་བྱེད་མི་བྱ་མེད་པས་ཡེ་ནས་ཀུམ་ལ་ཁྱབ།། ཐཾད་བྱང་ཆུང་ཞིང་ལ་ཐ་དད་མེད།། དབྱེར་མེད
3a3 ཀུན་བཟང་མི་འགྱུར་རྩོལ་མེད་པོ།། མཚོན་དུ་གསང་བའི་ཆོས་ཉིད་ཡིས་ཆེ།། བརྗོད་པའི་ཚིག་དང་ཐཱ་སྙད་ཡུལ་ལས་འདས།། ང་མེད་པ་ཞེས་བསྟན་པས་འཁྲུལ་ཅིང་ཉམས།། མ་མཱིཿ་དངོ་སོ་སུ་མི་སྣང་ཕྱོར་འཆའི་ཡུལ།།
3a4 དམིན་ལ་འཛིམ་པ་རྒྱུ་མེད་མཚན་མེད་དབྱིངས།། དངོས་པོའི་གནས་ལ་མཆུས་བྱ་བ་མེད།། འཛིམ་པའི་ཡུལ་ལ་མི་དམི་ཌ་ན་མཁའ་འདྲ།། ཆོས་ཉིད་རྩལ་མེད་མུ་མེད་རྒྱ་དང་བྲལ།། གནག་པའི་དོན་དམ་ངེས་པའི་འབྲས་བུ་ཅིག།
3a5 གསལ་བའི་རང་བཞིན་དགོངས་པ་ཅིག་ཏུ་བསྟན།། མཉམ་ཉིད་གསལ་བའི་དོན་ནི་ཅིང་མི་དགོངས།། མི་རྟོག་སྙིང་ལོའི་ངང་དུ་འདུ་འབྲལ་མེད།། སོ་སོར་རྟོག་པའི་སྟོབས་ཀྱིས་མ་འདྲེས་གསལ།། སྙིང་པའི་རང་བཞི་མ་དོན་དམ་ལེ
3a6 པ་ཆེ་མཉམ་ཉིད་དང་བདག་མེད་ལས་ཕྱོགས་རིས་མེད།། འཛིན་མེད་མཉམ་པའི་རླུང་དུ་ངང་གིས་གནས།། རིག་པ་ལུང་གི་མམངག་ཁྱད་པར་ཆེ།། བདེ་བའི་སྒྲོམ་མ་དག་པའི་མུན་པ་སེལ། ཐབས་ཆེན་མཛད་པས




iiif viewer powered by OpenSeadragon

2b - 3b

Texts on this page

Gbr004.26 - thag ring du 'gro ba nam mkha'i mtha' dang mnyam pa'i rgyud