e-texts navigator
Collection
Volume
Page
Wylie

2a1 ། ནམཁའི་མཐའ་དང་མཉམ་པའི་ཏིང་ངེ་འཛིན་ལ་སྙམ་པར་ཞུགས་ནས། ན་མཁའི་མཁའ་དང་བྲལ་བའི་ཆོས་ལ་དགོངས་པ་མཛད་ཅིང་ན་མཁའི་མཐའ་དང་མཉམ་པའི
2a2 ཆོས་གྲོལ་ཁའ་དགོངས་པ་མཛད་དོ།། དེ་ནས་ཡང་རྣལ་འབྱོར་པ་ཐ~ཾད་ཀྱིས་དབང་ཕྱུག་ཆེན་པོ་དེ། སྟོན་པའི་མདུན་ན་གུས་པའི་ཚུལ་དད་ཅང་མི་གསུང་པའི་འདུག་པར་མཛད་དོ།། དེ་ནས་སྟོན་པ
2a3 ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ངའི་རང་བཞིན་ན་མཁའི་མཐའ་མཉམ་ནམཁྲིའི་རང་བཞིན་མཐའ་དང་དབུས་ལས་གྲོལ།། ཁྱེད་གཉིས་དེའི་རང་བཞིན་དེ་དང་མཉམ།། ཐ~ཾད་ཆོས་རྣམས
2a4 ངའི་ཚུལ་དང་འཐུན་ཅེས་བཀའ་སྩལ་ཏོ།། ཐག་རིང་དུ་བགྲོད་པ་ན་མཁའི་མཐའ་དང་མཉམ་པའི་ལེའུ་སྟེ།། དང་པོའོ།། ། དེ་ནས་རྣལ་འབྱོད་ཀྱི་དབང་ཕྱག་ཆེན་པོ་དེས། འདི་སྐད་ཅེས་གསོལ
2a5 ཏོཿཆོས་རྣམས་ཐཾད་ན་མཁའི་མཐའ་མཉམ་པ།། རིན་ཆེམོ་གཏེར་གྱི་འབྱུང་གནས་དགོངས་པ་འགྲུབ།། སྐལ་ལྡན་བཅུད་དུ་གྱུར་པ་རིན་ཆེན་ས།། དེ་ཉིད་དེ་ཡུལ་ཕྲ་བ་མུན་སེལ་མཛོད།། ཅེས་གསོལ་པ་དང་།། སྟོན




iiif viewer powered by OpenSeadragon

1b - 2b

Texts on this page

Gbr004.26 - thag ring du 'gro ba nam mkha'i mtha' dang mnyam pa'i rgyud