e-texts navigator
Collection
Volume
Page
Wylie

18b1 ཡེ་ནས་གནས།། བརྩལ་དུ་མེད་པས་མངོན་སུམ་དབྱིངས།། སྨོན་དུ་མེད་པས་རང་ལ་རྫོགས།། ཐ་སྙད་མེད་པས་རྣལ་འབྱོར་བདག། གོ་འཕངས་ཆོད་པས་ཀུན་གྱི་དབྱིངས།། ལས་རྣམས་སྤྱད་ཅིང་ཅི་སྤྱད་ཀྱང་།། ཐིག་ལེ་ཉིད་པས་སྤང་དུ་མེད།།
18b2 འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་།། སྤང་དུ་མེད་པས་བདག་གི་རྒྱུད།། གཏི་མུག་ཉིད་ལས་བསམ་དུ་མེད།། རྣམས་གྲངས་ཉིད་པས་དབྱིངས་ཉིད་ཀློད།། གཟུགས་རྣམས་མེད་པས་བྱང་ཆུབ་སྐུ།། ཐིག་ལེ་ཡེ་ནས
18b3 དམ་ཚིག་གསད།། དམ་ཚིག་མིང་དུ་བཏཊ་པ་མེད།། འཆི་བ་མེད་ལས་བདུད་རྩི་དབྱིངས།། ཁྱད་པར་ཉིད་ལས་ཡེ་ཤེས་ཆེ།། རི་རབ་ཙེ་ལ་ཉི་མ་སྟོང་ཤར་བས།། ཡེ་ཤེས་ཐུགས་ཀྱི་ཉི་མ་ཤ་རོ།། ཤར་པོ་ཉིད་ན་ནུབ་ལ་མེད།། སྒོམ་པ
18b4 ཉིད་པས་སྒོམ་དུ་མེད།། སྒོམ་ལ་ད་མི་ཊ་སུ་མེད་པའོ།། སྒོམ་པ་གཞན་ནས་ཆོས་མི་རྙེད།། རྡོ་རྗེ་རིན་ཆེམ་འབར་བལྟར།། ཐཱ་ད་ཀུན་ཀྱང་དེ་བཞིན་ནོ།། འགྱུར་བ་མེད་པས་བལ་ནག་བཞིན།། བསྒྱུར་དུ་གཏུབ་པས་བལ་དཀར་བཞིན།། བརྟ་ཌཱ་ན་བལ
18b5 ནག་ཉིད་ཀྱི་དབྱིངས།། ལྷུན་གྱིས་གནས་པས་གོ་འཕངས་ཆོད།། གདོད་ནས་དག་པས་པདྨ་བཞིན།། འགྱུར་བ་མེད་པས་ཐིག་ལེ་བདེ།། བྱ་བ་མེད་པས་ཐིག་ལེ་བདེ།། དུས་གསུམ་མེད་པས་ཐིག་ལེ་ཁ་དེ།། བརྩལ་དུ་མེད་ལས་ཐིག་ལེ
18b6 དེ་བརྩལ་བར་འདོད་པས་དབྱིངས་མི་བསྐྱོད།། དྲབ་ཉིད་པས་མུན་ཁྱུད་བདེ།། ཐིག་ལེ་ཉིད་ལས་ཐིག་ཕྲན་བདེ།། རྩེ་རྒྱལ་རྟོགས་ན་གནས་ཆེམ་བདེ།། འོག་མེད་ཡོངསུ་སྦྱངས་པའི་བྷ་ག་ལ།། དབྱེར་མེད་ལྡུམ་རྫོགས།




iiif viewer powered by OpenSeadragon

18a - 19a

Texts on this page

Gbr004.26 - thag ring du 'gro ba nam mkha'i mtha' dang mnyam pa'i rgyud